分享按钮

2025ལོའི་གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2025ལོའི་གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོཊ་འདུ་གྲོང་ཁྱེར་ལུས་རྩལ་ཅུས་སུ་འཚོཊ་པ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིག་གནས་དང་། ལུས་རྩལ། ཡུལ་སྐོར། ཁེ་ལས་བཅས་ཀྱི་མཉམ་འདྲེས་ཐད་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས་ལུས་རྩལ་གྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱེད་དགོས་པ་དང་། ལོ་ལྔ་ཚན་བཅོ་ལྔ་པའི་ལྷ་སའི་ལུས་རྩལ་བྱ་གཞག་གི་འཆར་འགོད་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་ལུས་རྩལ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

ཚོགས་འདུའི་ཐོག་བསྟན་དོན། 2024ལོར།ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། སྤྱི་པའི་ལུས་རྩལ་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་8874.8བཏང་ཡོད་པ་དང་། རིགས་ཁག་གི་ལུས་རྩལ་ཐང་གི་སྒྲིག་བཀོད་རྣམ་གྲངས་17ལག་བསྟར་བྱས་ཡོད། སྒོར་གཞས་འགྲན་བསྡུར་དང་། ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར། ལྷ་སའི་ལམ་ཕྱེད་མར་སུན་འགྲན་བསྡུར། ལུས་རྩལ་རྒྱན་ཤོག་བུམ་པའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར། ལྷ་སའི་གྲོང་གསེབ་ཀྱི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་སྤུས་རྟགས་འགྲན་བསྡུར་དང་མང་ཚོགས་ཀྱི་ཉེ་འགྲམ་འགྲན་བསྡུར་ཁྱོན་ཐེངས་225གཉེར་བ་དེས་ལྗོངས་ཕྱི་ནང་གི་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་འགྲན་བསྡུར་ལ་ལྟ་བའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད་པ་རེད།

2025ལོར། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་ལོ་ལྔ་ཚན་བཅོ་ལྔ་པའི་ལུས་རྩལ་འཆར་འགོད་སྒྲིག་བཟོ་བྱེད་འགོ་ཚུགས་པ་ནས་བཟུང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་། མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་སྤྱི་པའི་ལུས་རྩལ་ཐང་གི་སྒྲིག་བཀོད་ཀྱི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་དམངས་ཀྱི་གཟུགས་གཞིར་ལྟ་ཞིབ་ཚད་ལེན་བྱེད་པ། རིགས་ཁག་གི་འགྲན་བསྡུར་གྱི་གཞི་ཁྱོན་དང་ཆུ་ཚད་མཐོ་རུ་གཏོང་བ། ལུས་རྩལ་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ། སྒོར་གཞས་དང་། རྟ་རྒྱུག གཡག་རྒྱུག རྡོ་འགྱོག་པ་སོཊ་མི་རིགས་ཀྱི་སྲོལ་རྒྱུན་རྣམ་གྲངས་རྒྱུན་འཛིན་བྱེད་པ། ཐུན་ཚོགས་ཁག་དང་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་ཆེ་རུ་བཏང་ནས་ལྷ་སའི་ལུས་རྩལ་གྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ཡིན་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-27 6 6 拉萨日报藏文 c198648.html 1 2025ལོའི་གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུ་འཚོགས་པ། /enpproperty-->