分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

ཐོག་ཡོད་ལག་རྩེད་སྤོ་ལོ་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་སྐབས།ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན།རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ཏེ།སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་བྱས་ནས་ལས་གྲྭའི་སྤུས་ཚད་ཚད་གཞི་མཐོན་པོའི་སྒོ་ནས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་བོད་སྐྱོར་གྱི་ཐོན་ཁུངས་དང་ལས་སྟེགས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ།རྣམ་གྲངས་དང་སློབ་ཚན་དེ་ལས་མང་བ་ནང་འདྲེན་བྱས་ནས་སློབ་གསོའི་བྱ་གཞག་དང་རིག་རྩལ་སྒྲིག་བཀོད་འཛུགས་སྐྲུན་དུས་གཅིག་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་ཐོག ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན།གཞོན་ནུ་ལོ་ཆུང་གི་སློབ་གསོ་ལས་དོན་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་བསྐྱར་དར་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་འདུ་འགོད་ཅིག་ཡིན་པས།གྲོང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད།གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་གསོའི་ཐོན་ཁུངས་ཀྱི་སྒྲིག་བཀོད་སྔར་བས་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་གཞོན་ནུ་ལོ་ཆུང་གི་ལས་དོན་སྤུས་ཚད་མཐོན་པོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྨང་གཞི་ཡག་པོ་འདིང་དགོས་པ་དང་། གཙོ་གཉེར་ཚན་པས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་མཐའ་འཁྱོངས་དང་། སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོའི་བྱ་ཐབས་གསར་གཏོད་བཅས་བྱས་ཏེ་གཞོན་ནུ་ལོ་ཆུང་ལ་སྔར་ལས་སྤུས་ལེགས་ཀྱི་འཚར་ལོངས་ཁོར་ཡུག་ཧུར་ཐག་བསྐྲུན་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-27 6 6 拉萨日报藏文 c198646.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་བརྟག་ཞིབ་གནང་བ། /enpproperty-->