(པར་ངོས་དང་པོར་མཐུད)དེ་བས་ཏན་ཏིག་གི་བྱ་ཐབས་ལ་བརྟེན་ནས་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཚོགས་འདུའི་ཐོག ཞིང་འབྲོག་པའི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུའི་ལས་དོན་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་དབར་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་པས། དམིགས་ཚད་ལ་དམིགས་པ་དང་། རྗེས་སྙེག་དཔྱད་དཔོག གསར་འབྱེད་གསར་གཏོད་བཅས་བྱས་ཏེ། བྱ་ཐབས་ཁག་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག རྒྱལ་མཚམས་བརྒལ་བའི་དྲ་རྒྱའི་ཚོང་དོན་གྱི་ལས་སྟེགས་སྤུས་ཚད་མཐོན་པོས་གཏོད་པ་དང་། ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་མཚམས་བརྒལ་བའི་དྲ་རྒྱའི་ཚོང་དོན་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས“ཕྱིར་བཙོང་རྒྱུར”སྐུལ་འདེད་གཏོང་བ། རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་ཚོང་དོན་གྱི་ལེགས་ཆར་བརྟེན་པ། དམིགས་ས་ཡོད་པའི་སྒོ་ནས་ཚོང་འགུགས་མ་འདྲེན་བྱེད་པ་བཅས་བྱས་ཏེ། ལྷ་སའི་རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་ཚོང་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལས་དོན་ལ་མཐོང་ཆེན་བྱས་ཏེ། བློ་བསྡུས་དགེ་འཚོལ་དང་མཐུན་སྦྱོར་མཉམ་འགུལ་གྱིས་བྱེད་སྒོ་འཆར་འགོད་དང་། ཁོར་ཡུག་བཅོས་སྒྲིག དྲིལ་བསྒྲགས་འོས་སྦྱོར་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་པ་དང་། རིག་གནས་ཡུལ་སྐོར་གྱི་གཙོ་ཁྲིད་ཐོན་ལས་ལེགས་པར་བཏོད་དེ། ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社