ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་25ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། 2024ལོའི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་གསན་པར་མ་ཟད། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལེགས་པར་བྱ་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཁོང་དུ་ཆུད་པ་དང་སེམས་ལ་འཇགས་པར་བྱས་ཏེ། ཏང་གི་གསར་གཏོད་རིགས་གཞུང་དེ་ལག་ལེན་གྱི་སྒུལ་ནུས་སུ་ནུས་ཤུགས་ཡོད་རྒུས་འགྱུར་བར་བྱེད་པ་དང་། མ་ལག་ཅན་དང་རྒྱུན་རྣམ་ཅན་གྱི་བྱ་ཐབས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་དུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། སྒྲོག་འགྲེལ་དང་སེམས་ནུས་གཅིག་སྒྲིལ་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་ཐོབ་པའི་གྲུབ་འབྲས་དང་འགྱུར་ལྡོག་རླབས་པོ་ཆེ་ལས་བྱེད་པ་དང་མང་ཚོགས་ལ་བསྟན་ནས། མཐུན་སྒྲིལ་གྱི་བསམ་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། ཚད་འཛིན་དཔེ་བསྡུར་དང་ལག་བསྟར་དོན་འཁྱོལ་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་དང་། གསར་གཏོད་གསར་འབྱེད་དང་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་དགོས་ལ། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི“གདོང་དམག་བདུན”ལེགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཚོགས་འདུའི་ཐོག གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་དེ་གྲོང་གསེབ་ཏུ་མངོན་འགྱུར་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན་པས། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་དམ་འཛིན་ལེགས་པར་བྱས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་ཞིང་འབྲེལ་ཞིང་སྐུལ་གྱིས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག རྨོ་ཞིང་ལ་སྲུང་སྐྱོང་བྱེད་པ་དེ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་། འབྱུང་ཁམས་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པས། ཉམས་མྱོང་ཕྱོགས་བསྡོམས་དང་ཡང་འབད་བསྐྱར་འབད་ཀྱིས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇཊ་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་ལས་དོན་ལ་དམ་འཛིན་ཞིབ་ཚཊ་དང་། དམ་འཛིན་ཏན་ཏིག ཕན་འབྲས་ཐོན་པ་བཅས་བྱས་ཏེ་དེ་བས་མཐོ་བའི་ཚུཊ་གནས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་ཤུཊ་ཆེ་རུ་གཏོང་བ་དང་། དེ་བས་ཆེ་བའི་ནུས་ཤུཊ་ལ་བརྟེན་ནས་གནད་དོན་བཅོས་སྒྲིག་བྱེད་མགྱོཊ་སུ་གཏོང་བ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社