ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སློབ་གསོའི་རྣམ་གྲངས་ནི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་འགག་རྩ་ཞིག་ཡིན་པས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་ལ། གལ་འགངས་ཤིན་ཏུ་ཆེ་བའི་དམངས་འཚོའི་འདུ་འགོད་ཅིག་ཀྱང་རེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་མཇུག་འགྲིལ་རྗེས་སྟག་རྩེ་ཆུས་སློབ་གསོ་ཅུས་ཀྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཧུར་ཐག་བཏང་སྟེ། ལས་དོན་པས་ཕྱོགས་ཁག་གི་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་དང་། ལས་ཡུན་ལྡོག་སྒྲིག ལས་གཉེར་ཧུར་ཐག་བཅས་བྱས་ཏེ་རྣམ་གྲངས་སྔ་ཙམ་ལས་མཇུག་འགྲིལ་ནས་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་ཐོག སྟག་རྩེ་ཆུས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ་དང་། སློབ་གཉེར་གྱི་མཁྲེགས་ཆས་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་སློབ་མ་ཚོར་དེ་བས་སྤུས་ལེགས་ཀྱི་སློབ་སྦྱོང་ཁོར་ཡུག་ཅིག་བཏོད་པ་རེད།
ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། སྟག་རྩེ་ཆུས་སློབ་ཆུང་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པའི་ཁྲོད་ལས་བཟོ་བ་ཚོ་ཨར་སྐྲུན་གྱི་ས་ཁོངས་ཁག་ཏུ་བསྐྱོད་དེ་2025ལོའི་སྟོན་དུས་སློབ་འགོ་ཚུགས་སྐབས་རྩིས་སྤྲོད་ཐུབ་པའི་དམིགས་ཚད་ཀྱི་ཆེད་དུ་ལས་སྒོ་སྤེལ་བཞིན་ཡོད། རྣམ་གྲངས་མཇུག་འགྲིལ་རྗེས། ས་གནས་དེ་གའི་སློབ་མར་དེ་བས་སྤུས་ལེགས་ཀྱི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་པ་དང་། སློབ་གཉེར་ཆ་རྐྱེན་ལེགས་སུ་ཤུགས་ཆེན་གཏོང་བ། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྟག་རྩེ་ཆུས་ཀྱི་སློབ་གསོའི་བྱ་གཞག་ལ་གསོན་ཤུགས་གསར་པ་ཞིག་སྣོན་རྒྱུ་རེད།
སྟག་རྩེ་ཆུས་སློབ་ཆུང་གཉིས་པའི་འཛུཊ་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་17140.5བཏང་བ་དང་། སྤྱིའི་འཛུཊ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ་36239.28ཟིན་ཡོད། སྟག་རྩེ་ཆུས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེང་ཁྲའོ་ཡིས་སྟག་རྩེ་ཆུས་སློབ་ཆུང་གཉིས་པའི་འཛུཊ་སྐྲུན་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། རྣམ་གྲངས་དེ་2024ལོའི་ཟླ་3ཚེས་29ཉིན་ལས་འགོ་ཚུཊ་པ་དང་། མིག་སྔའི་བར་ཁང་པ་སྟར་པ་8ཀྱི་སྒྲོམ་གཞིའི་འཛུགས་སྐྲུན་དང་ས་འོག་ཁང་པའི་ཐོག་བཀབ་ཟིན་པས་ཨར་ལས་སྤྱིའི་འཕེལ་རིམ་གྱི་བརྒྱ་ཆ་68ཟིན་ཡོད་ཅེས་བཤད།
ལས་གྲྭའི་སྤུས་ཚད་ཐད་འགན་ལེན་བྱ་ཆེད།ཨར་ལས་ཕྱོཊ་ཀྱིས་སྤུས་ཚད་ཀྱི་ཚོད་འཛིན་མ་ལག་ནན་པོ་བྱས་ཏེ་མ་བཅོས་རྒྱུ་ཆ་ལས་ཡུལ་དུ་དབོར་ནས་ཞིབ་བཤེར་བྱེད་པ་ནས་ཨར་ལས་མ་ཚར་གོང་གི་ལས་རིམ་ཚང་མར་ཆེད་ལས་མི་སྣས་ལྟ་སྐུལ་བྱེད་ཀྱི་ཡོད། ཨར་ལས་ཀྱི་བདེ་འཇགས་ཐད་ཉིན་ལྟར་ལས་འགོ་མ་ཚུགས་གོང་བདེ་འཇགས་སྐོར་གྱི་གསོ་སྦྱོང་བྱེད་པ་དང་། ཨར་ལས་བྱ་ཡུལ་དུ་བདེ་འཇཊ་འགོག་སྲུང་གི་སྒྲིག་བཀོད་དང་ཉེན་བརྡའི་མཚོན་རྟཊ་ཆ་ཚང་སྒྲིག་སྦྱོར་བྱས་ཡོད་ཅིང་། སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨར་ལས་མི་སྣ་ཡོངས་ཀྱིས་ངར་ཤུཊ་གཅིག་སྒྲིམ་དང་ལས་ཀ་འཕར་མ་བྱས་ནས་རྣམ་གྲངས་འཛུཊ་སྐྲུན་ལ་སྐུལ་འདེད་མགྱོཊ་པོ་བཏང་ཡོད།
བོད་ལྗོངས་ཆན་ཐའེ་ལས་གྲྭ་ཚད་ཡོད་ཀུང་སིའི་ལས་ཡུལ་དངོས་ཀྱི་ཨར་ལས་འགན་འཁུར་བ་ཏུའུ་ཅུན་གྱིས་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱས་པ་དང་སྦྲགས། ཐོན་སྐྱེད་བདེ་འཇགས་ཐད་ངེས་པར་དུ་དམ་འཛིན་ནན་པོ་བྱེད་དགོས་པས་ང་ཚོས་ལས་མི་ཡོངས་སྒྲིག་འཛུགས་བྱས་ཏེ།བདེ་འཇགས་གསོ་སྦྱོང་བྱས་པ་དང་། ཕྱིས་འབྱུང་གི་ཨར་ལས་ལྷུ་ཚིགས་ཁག་ཏུ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་རྨང་གཞིར་བྱས་ཏེ་སྟག་རྩེ་ཆུས་སློབ་ཆུང་གཉིས་པ་སྔ་ཙམ་བསྐྲུན་ཐུབ་རྒྱུར་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社