ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་དགུང་ལོ་95ལ་སླེབས་པའི་བགྲེས་སོང་དཔལ་མོས་བོད་ཀྱི་འཕོ་འགྱུར་ཆེན་པོའི་དཔང་པོ་ཐུབ་ཅིང་། སྔར་སོང་ལ་ཕྱིར་དྲན་བྱེད་སྐབས་བགྲེས་སོང་ཁོང་གིས་དེ་སྔའི་འཚོ་བ་ཧ་ཅང་སྐྱོ་པོ་རེད་ཅེས་བཤད།
བོད་རྙིང་པར་དཔལ་མོའི་འཚོ་བར་དཀའ་ངལ་མང་པོ་འཕྲད་དེ་ལོ་15ནས་བཟུང་ལྷུན་གྲུབ་རྫོང་དུ་ཁྲལ་དང་འུ་ལག་རྒྱུག་པར་འགྲོ་དགོས་ཐུག སྐབས་དེ་དུས་ཁྲལ་ཧ་ཅང་ལྕི་བས་དཔལ་མོས་ཞིང་བྲན་བདག་པོར་ཉིན་མཚན་དབྱེར་མེད་དུ་ལས་ཀ་བྱས་ཚེ་གཞི་ནས་རང་ཉིད་དང་ཕྲུ་གུ་གསོ་ཐུབ་ཀྱི་ཡོད་པ་དང་། ལོ་གསར་གྱི་སྐབས་སུ་མ་གཏོགས་ལུག་ཤ་ཏོག་ཙམ་ཡང་བཟའ་རྒྱུ་མེད།
1959ལོའི་ཟླ་3ཚེས་28ཉིན་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས། “ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་། དཔལ་མོའི་ཁྱིམ་ལའང་ས་ཞིང་དང་ནོར་ལུག་ཐོབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་སྐྱ་རེངས་བསུས། བགྲེས་སོང་དཔལ་མོའི་འཚོ་བའི་འཕོ་འགྱུར་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བའི་གྲུབ་འབྲས་རླབས་པོ་ཆེའི་མཚོན་རྟགས་ཤིག་ཅི་ལ་མིན།
པར་འདི་ནི་རྨོན་གཉའ་གཅོག་པའི་མཛད་སྒོའི་ཐོག་བགྲེས་སོང་དཔལ་མོ་དང་ཡུལ་མི་ཚོས་ཞིང་ནང་དུ་ངལ་གསོ་བཞིན་པའི་རྣམ་པ་ཡིན།
པར་འདི་ནི་བགྲེས་སོང་དཔལ་མོའི་འདྲ་པར་ཡིན།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社