分享按钮

རང་གྲོང་གིས《འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་གོང་ཞུའི་བྱ་དགའི་གནས་སྐབས་ལག་བསྟར་བྱ་ཐབས》བཏོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར། འབྱུང་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་དམངས་ཀྱིས་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱ་རྒྱུར་ལྕག་སྐུལ་བྱ་ཆེད། ཅུས་དེས་གྲོང་ཁྱེར་ནོར་སྲིད་ཅུས་དང་མཉམ་དུ《ལྷ་ས་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་གོང་ཞུའི་བྱ་དགའི་གནས་སྐབས་ལག་བསྟར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བྱ་ཐབས》ནང་ཁྱོན་ལེ་ཚན་ལྔ་དང་དོན་ཚན་ཉེར་གཅིག་ཡོད་པའི་ནང་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་འབྲེལ་ཡོད་དོན་ཚན་གཏན་འབེབས་ཁ་གསལ་བྱས་ཤིང་།དེའི་ནང་ལས་ཀའི་དམིགས་ཚད་དང་། བྱ་དགའི་ལག་བསྟར་སྡེ་ཚན། བྱ་དགའ་སྤྲོད་ཡུལ་དང་བྱ་དགའ་ཐོབ་པའི་ཆ་རྐྱེན། བྱ་དགའི་ཁྱབ་ཁོངས་དང་རྣམ་པ། བྱ་དགའ་སྤྲོད་ཚུལ། ཁྲིམས་འགལ་ཁུངས་སྣེ་ཞིབ་བཤེར་གཏན་འཁེལ། བྱ་དགའ་སྤྲོད་པའི་གོ་རིམ། དེ་བཞིན་ཐེར་འདོན་བྱེད་མཁན་ལ་སྲུང་སྐྱོང་སོགས་ཚུད་ཡོད་པ་རེད། 《བྱ་ཐབས》དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་སྐྱེ་ཁམས་ཁོར་ཡུག་པུའི《འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་གོང་ཞུའི་བྱ་དགའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གཞིར་བཟུང་བཟོས་པ་ཞིག་རེད། རྒྱ་ཆེའི་གྲོང་མི་ཚོས་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། གཤམ་གསལ་གྱི་བྱ་ཐབས་ཐོག་ནས་ཐེར་འདོན་གོང་ཞུ་བྱེད་ཆོག་པ་སྟེ། གཅིག་ནི་ལྷ་ས་གྲོང་ཁྱེར་གྱི་“12345”སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཐོག་ནས་ཐེར་འདོན་གོང་ཞུ་བྱེད་དགོས་པ་དང་། གཉིས་ནི་ཡིག་བསྐུར་ངོ་བཅར་བརྒྱུད་ལྷ་ས་གྲོང་ཁྱེར་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་ལ་ཐེར་འདོན་བྱེད་དགོས་པ། གསུམ་ནི་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་སྲིད་དོན་དྲ་ཚིགས་ཐོག་ཞུགས་ནས་ཐེར་འདོན་གོང་ཞུ་བྱེད་དགོས། 《བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། ཐེར་འདོན་ཁུངས་སྣེར་བརྟག་དཔྱད་བྱས་པ་བརྒྱུད་དོན་དངོས་དང་མཐུན་པར་མ་ཟད།སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་གཏན་འབེབས་ཡི་གེ་སྤྲད་ཚེ། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཐེར་འདོན་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དང་བྱ་དགའི་དངུལ་གྲངས་ནི་སྒོར་1000ནས་5000བར་དང་། 5000ནས་10000བར། དེ་བཞིན་10000ནས་20000བར་བཅས་གཏན་འཁེལ་བྱ་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-27 6 6 拉萨日报藏文 c198632.html 1 རང་གྲོང་གིས《འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་གོང་ཞུའི་བྱ་དགའི་གནས་སྐབས་ལག་བསྟར་བྱ་ཐབས》བཏོན་པ། /enpproperty-->