分享按钮

འཛད་སྤྱོད་པས་རྙིང་ཚབ་གསར་བརྗེའི་ཁྱིམ་སྤྱོད་གློག་ཆས་ཁྲི་9000ཙམ་ཉོས་པ།

ཁྱིམ་སྤྱོད་གློག་ཆས་ཀྱི་འཛད་སྤྱོད་ནི་ནང་མཁོ་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ཚོང་དོན་པུའུ་ཡིས་ཚེས་22ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག 2024ལོའི་ཟླ་8པ་ནས་ད་བར་འཛད་སྤྱོད་པས་རྙིང་ཚབ་གསར་བརྗེའི་ཁྱིམ་སྤྱོད་གློག་ཆས་ཁྲི་9000ཙམ་ཉོས་ཡོད་ཅིང་།རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལ་བརྟེན་ནས་ལོ་འཁོར་གྱི་སྦྲེལ་མཐུད་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་རྒྱལ་ཡོངས་ཀྱི་འཛད་སྤྱོད་པ་ཁྲི་2020.8ཀྱིས་ཁྱིམ་སྤྱོད་གློག་ཆས་རིགས་12ཀྱི་ཐོན་རྫས་ཁྲི་2757.2ཉོས་ནས་འཛད་སྤྱོད་བྱས་ཚད་སྒོར་དུང་ཕྱུར་930.8ཟིན་ཡོད།

འདི་ནི་གསར་འགོད་པས་2025ལོའི་རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཀྱི་འཛད་སྤྱོད་འགོ་ཚུཊ་པའི་མཛད་སྒོའི་ཐོག་ནས་ཤེས་རྟོཊ་བྱུང་བ་ཞིག་རེད།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་འབྱོར་བའི་གློག་འཕྲིན)(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198341.html 1 འཛད་སྤྱོད་པས་རྙིང་ཚབ་གསར་བརྗེའི་ཁྱིམ་སྤྱོད་གློག་ཆས་ཁྲི་9000ཙམ་ཉོས་པ། /enpproperty-->