(པར་ངོས་དང་པོར་མཐུད)གྲོང་མིས་གྲལ་སྟར་ལེགས་པར་བསྒྲིགས་ནས་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་མཁོ་ཆས་ལེན་པ་དང་། ལས་དོན་པས་དཔྱད་གཞིའི་ནང་དོན་ངོ་སྤྲོད་ཞིབ་ཕྲ་བྱེད་བཞིན་ཡོད། ལྷག་པར་དུ《ཆུ་གྲོན་ཆུང་གི་སྲོལ་ཡིག》སོགས་ཆུ་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་དང་ཁྲིམས་སྲོལ་ཐད་འགྲེལ་བཤད་ལེགས་པར་བྱས་ཤིང་། མང་ཚོགས་ལ་ཆུ་ལ་གྲོན་ཆུང་དང་། ཆུ་ལ་གཅེས་སྤྲས། ཆུ་ལ་དགའ་ཞེན། ཆུ་ལ་སྲུང་སྐྱོང་བཅས་བྱེད་པའི་གལ་ཆེའི་རང་བཞིན་ངོས་འཛིན་བྱེད་རོགས་བྱས་ཏེ། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཆུ་ལ་གྲོན་ཆུང་བྱེད་པའི་འདུ་ཤེས་བཟང་པོ་འཇགས་ཐབས་བྱས་ཡོད།
གྲོང་མི་ཧོང་ལགས་ཀྱིས། འཚོ་བའི་ཁྲོད་དུ་ཆུ་ལ་གྲོན་ཆུང་བྱེད་པ་ནི་དོན་དངོས་ཐོག་ཧ་ཅང་སྟབས་བདེ་པོ་ཞིག་རེད། དཔེར་ན། གྱོན་གོས་བཀྲུ་བ་དང་། གདོང་པ་བཀྲུ་བ། གཟུགས་པོ་བཀྲུ་བ་བཅས་བྱེད་སྐབས་ཀྱི་ཆུ་ཐེངས་འགའ་ཤས་བེད་སྤྱོད་བྱེད་ཆོག་གི་ཡོད། ཚང་མ་མཉམ་དུ་ཆུ་ལ་སྲུང་སྐྱོང་བྱེད་པའི་བྱེད་སྒོའི་ཁྲོད་དུ་ཞུགས་རྒྱུའི་རེ་བ་ཡོད་ཅེས་བཤད།
དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཆུ་བེད་ཐིང་དང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས། འདམ་གཞུང་རྫོང་ཆུ་བེད་ཅུས་བཅས་ཀྱིས་འདམ་གཞུང་རྫོང་གི་གནམ་མཚོའི་འགྲམ་དུ“འཁྱཊ་རོམ་ལ་སྲུང་སྐྱོང་བྱེད་པའི”གཙོ་དོན་དྲིལ་བསྒྲཊ་བྱེད་སྒོ་དུས་མཉམ་དུ་སྤེལ་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ཡུལ་དངོས་སུ་འགྲེལ་བཤད་བྱེད་པ་སོགས་བྱ་ཐབས་སྣ་མང་བརྒྱུད། ཚན་རིག་ཁྱབ་གདལ་དང་སྤེལ་རེས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་བ་དང་མཐའ་འཁོར་གྱི་མང་ཚོགས་ལ་འཁྱགས་རོམ་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་ཤིང་། ཚང་མའི་སྣེ་ཁྲིད་དེ་འཁྱགས་རོམ་གྱིས་ཆུའི་ཐོན་ཁུངས་ཀྱི་དོ་སྙོམས་པ་དང་། གནམ་གཤིས་ཀྱི་དོ་སྙོམས་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་སོགས་ཐད་ཐོན་པའི་ནུས་པ་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་རོགས་བྱས་ཏེ། ཚང་མའི་འཁྱགས་རོམ་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།
ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལག་རྩལ་ཆེན་མོ་བ་ཅ་ལིན་ཅེ་ཡིས། དེ་རིང་གནམ་མཚོ་རུ་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་འཁྱགས་རོམ་ལ་སྲུང་སྐྱོང་དང་། ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་། ཆུ་གྲོན་ཆུང་བྱེད་པ་བཅས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་འཇགས་ཆེད་ཡིན་ཞེས་བཤད།
རྗེས་མར་འབྲེལ་ཡོད་ཚན་པས་མུ་མཐུད་ནས་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་མུ་འབྲེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་སྣེ་འཁྲིད་དེ་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལག་ལེན་དུ་བསྟར་ནས་རྩ་ཆེའི་ཆུའི་ཐོན་ཁུངས་ལ་མཉམ་དུ་སྲུང་སྐྱོང་བྱ་རྒྱུ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社