ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་སྟག་རྩེ་ཆུས་སྲིད་གྲོས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ཏེ། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཡོད། དེའི་དམིགས་ཡུལ་ནི་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། སྟག་རྩེ་ཆུས་ཀྱི་ལས་དོན་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཆེད་རེད།
ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་དམངས་གཙོའི་མནའ་མཐུན་དང་། དམངས་གཙོ་ཡར་སྐུལ། སློབ་གསོ་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་ལ་སློབ་སྦྱོང་བྱས་ཡོད།
སྟག་རྩེ་ཆུས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲའོ་ཧུའེ་ཡིས། སློབ་སྦྱོང་བྱས་པ་བརྒྱུད། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱུང་། གཞི་རིམ་གྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་རྗེས་མར་མུ་མཐུད་ནས་གཞི་རིམ་དུ་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་དམངས་ཀྱི་འདོད་འདུན་ཤེས་རྟོགས་བྱས་ཏེ། ཐབས་འདོན་ཇུས་འབུལ་གྱིས་ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
ཉིན་ཤས་བསྟུད་མར། སྟག་རྩེ་ཆུས་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པས་ཨུ་ཡོན་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཤིང་།ཚང་མས་སློབ་སྦྱོང་གི་མྱོང་ཚོར་དང་ཕྱིས་འབྱུང་གི་ལས་ཀའི་འཆར་གཞིའི་སྐོར་ལྷུག་པོར་གླེང་ཡོད།ཚང་མས་མ་གྲོས་གཅིག་མཐུན་ངང་ཐེངས་འདིའི་སློབ་སྦྱོང་ལ་དོན་སྙིང་ཆེན་པོ་ལྡན་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ནས་གཞི་རིམ་གྱི་ལས་དོན་ལ་ཤུགས་རྒྱག་པའི་གཙོ་གནད་ཁ་གསལ་བསྟན་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་ནི་མང་ཚོགས་དང་སྲིད་གཞུང་དབར་འབྲེལ་གཏུགས་བྱེད་པའི་ཟམ་པ་ལྟ་བུ་ཡིན་པའི་ངོས་ནས་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། ཕྱིས་འབྱུང་གི་ལས་ཀའི་ཁྲོད་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་སྤྱོད་དངོས་སུ་འགྱུར་བར་བྱ་རྒྱུ་ཡིན་ལ།སྟག་རྩེ་ཆུས་ཀྱི་དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམིགས་ནས་གནད་དོན་ལ་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་།ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཐོག ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཏན་ཏིག་བསྒྲུབས་ཏེ།སྟག་རྩེ་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社