分享按钮

ཝང་ཆང་གིས“ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་གྲོང་ཁྱེར་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་ཆུ་རྒྱུད་འབྱུང་ཁམས་ཀྱི་ལས་གཞི་སྤུས་དག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)བརྟག་ཞིབ་གནང་རིང་།ཝང་ཆང་གིས་གླིང་ཕྲན་གཉིས་ཀྱི་ནང་ཁུལ་དུ་གནས་པའི་གཙང་པོ་དང་སྔོ་ལྗང་འབྱུང་ཁམས་བར་ཁྱམས་ལེགས་གཏོང་ལས་གཞི་སྤེལ་ཡུལ་གྱི་ངོགས་གཉིས་སུ་ཕེབས་ཞོར་གཟིགས་ཞོར་དུ་ལས་གཞིའི་གནས་ཚུལ་ཐད་ནས་བཀའ་འདྲི་ཡང་ཡང་གནང་བ་རེད།ཁོང་གིས།གླིང་ཕྲན་གཉིས་ཀྱི་ནང་ཁུལ་དུ་གནས་པའི་གཙང་པོ་དང་སྔོ་ལྗང་འབྱུང་ཁམས་བར་ཁྱམས་ལེགས་གཏོང་ལས་གཞི་ཡིས་གྲོང་ཁྱེར་གྱི་མཛེས་ལྗོངས་ལེཊ་སུ་གཏོང་བ་དང་།གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ།གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཐུབ་པས།བར་སྟོང་གི་བཀོད་པ་ཧྲིལ་པོ་ནས་བྱེ་བྲག་བར་གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་།བྱེད་ལས་ཁུལ་གྱི་མཐུན་སྦྱོར་རང་བཞིན་དང་མཛེས་ལྗོངས་བཀོད་སྒྲིག་གི་རྒྱུན་འཁོར་རང་བཞིན་ལ་དོ་སྣང་བྱེད་པ།སྤྱོད་གོ་ཆོད་པ་དང་སྐྱིད་སྣང་དོད་པ་གཉིས་ཀར་སྣང་ཆེན་བྱེད་པ།ཞིབ་ཕྲའི་སྦྲེལ་མཚམས་སུ་རང་བྱུང་གི་རྣམ་པ་ཐོན་པར་བྱེད་པ་བཅས་བྱས་ཏེ།བྱེད་ལས་ཁུལ་གྱི་སྒྲིག་བཀོད་དང་རང་བྱུང་མཛེས་ལྗོངས་གཅིག་མཐུན་ཡོང་བར་བྱེད་དགོས་པ་དང་།འབྱུང་ཁམས་ཀྱི་མཛེས་ལྗོངས་ལེགས་སུ་གཏོང་བའི་ཐད།ལྷ་སའི་ཡུལ་ལུང་གི་ཁྱད་ཆོས་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་ལེགས་པར་གཞིགས་པ་དང་།ཡུལ་དུས་དང་འཚམ་པའི་སྒོ་ནས་གདམ་ག་ལུགས་མཐུན་བྱེད་པ།ཚན་རིག་དང་མཐུན་པའི་སྒོ་ནས་ས་མཐོར་འཚམ་པའི་རྩི་ཤིང་འདེབས་པ།ད་ཡོད་ཀྱི་རྩི་ཤིང་ལ་ཁྱོན་ཡོངས་ཞིབ་བཤེར་བྱས་ནས་སྤོ་དགོས་རིགས་སྤོ་བ་དང་གསབ་དགོས་རིགས་གསབ་པ་བཅས་བྱས་ཏེ།ཐགས་སུ་བཀྲ་བའི་གྲོང་ཁྱེར་གྱི་འབྱུང་ཁམས་མཛེས་ལྗོངས་ཤིག་སྐྲུན་དགོས་པར་མ་ཟད།ལས་གཞིའི་དོ་དམ་ལ་དམ་འཛིན་ནན་པོ་བྱེད་པ་དང་།གནད་དོན་གསར་པ་དུས་ཐོག་ཏུ་སྙན་སེང་ཡང་དག་ཞུ་བ།དག་ཐེར་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་ལེགས་པར་བྱེད་པ་བཅས་བྱས་ཏེ།དམངས་འཚོའི་བྱ་བ་དོན་དུ་འཁྱོལ་བར་བྱས་ནས་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་དམངས་སེམས་ཀྱི་ལས་གཞི་ཞིག་ཀྱང་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།

ཉི་དྲོད་གླིང་རྒྱུག་ཆུའི་སྤྱི་གླིང་དུ་འབྱོར་སྐབས།ཝང་ཆང་གིས་སྤྱི་གླིང་གི་མཛེས་ལྗོངས་སྔོ་འགྱུར་དང་།ལམ་བུ་འདིང་བ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།ཁོང་གིས། མཛེས་ལྗོངས་གཏོད་སྐབས། ཐབས་མཁས་ངང་སྡོང་རིང་དང་། སྡོང་ཕྲན། མེ་ཏོག སྤང་སོགས་སྤྱད་དེ། རིམ་པ་དང་ལྡན་པར་བྱེད་དགོས་པ་དང་། འབྱུང་ཁམས་དང་མཛེས་དཔྱོད་རིག་པ་ཟུང་འབྲེལ་གྱིས་དུས་ཚིགས་བཞི་ཀར་མཛེས་ལྗོངས་ལྡན་པའི་སྤྱི་གླིང་ཞིག་གཏོད་དགོས། གཙོ་དོན་འབུར་དུ་ཐོན་པར་བྱེད་པའི་ཐད། སྟབས་བདེ་ལ་མཛེས་སྡུག་ལྡན་པ་དང་། མཐའ་འཁོར་གྱི་ཁོར་ཡུག་དང་ཕན་ཚུན་མཐུན་པའི་ཁར། ཞིབ་ཆའི་གནས་སུ་གཙོ་དོན་གཞི་རྒྱུ་བསྒར་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྣམ་པ་དང་མཚོན་རྟགས་ཤིག་ཆགས་པར་བྱེད་དགོས། དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད། ནུས་པ་རྒྱུན་ཐོན་གྱི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འདམ་རྫབ་སེལ་བ་དང་རྩི་ཤིང་བདག་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། གྲོང་ཁྱེར་གྱི་སྤྱི་གླིང་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱེད་དགོས། སྐུལ་འདེད་ཤུགས་ཆེན་གཏོང་བའི་ཐད། དུས་ཚོད་ཀྱི་འཆར་གཞི་ལ་དམ་པོར་དམིགས་པ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། སྔོ་འགྱུར་གྱི་དུས་སྐབས་ཡག་ཤོས་ལ་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྣམ་གྲངས་སྔ་ཙམ་བསྐྲུན་ཟིན་པ་དང་མང་ཚོགས་ལ་ཕན་པ་སྔ་ཙམ་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་བརྟག་ཞིབ་ནང་ལྷན་དུ་ཞུགས་ཡོད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198339.html 1 ཝང་ཆང་གིས“ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་གྲོང་ཁྱེར་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་ཆུ་རྒྱུད་འབྱུང་ཁམས་ཀྱི་ལས་གཞི་སྤུས་དག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->