(པར་ངོས་གཉིས་པར་མཐུད)ལུགས་མཐུན་ངང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱད་དེ། དབྱར་རྩ་དགུན་འབུའི་ཐོན་ཁུངས་ཐད་ཡོངས་ཁྱབ་ཞིབ་བཤེར་ཏན་ཏིག་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་མང་ཚོགས་ལ་མཛུབ་སྟོན་བྱས་ཏེ་དབྱར་རྩ་དགུན་འབུ་འཐུ་བའི་ལས་དོན་སྤེལ་བ་དང་། 2024ལོར་གྲོང་ཁྱེར་ཡོངས་ཀྱི་དབྱར་རྩ་དགུན་འབུ་འཐུ་ཚད་སྟོང་ཁེ་1040.79ཟིན་པ་དང་། མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར་1.45འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་ཡོད། ལོ་གོང་མའི་འདྲ་མཚུངས་སྔོན་རྩིས་ཡོང་འབབ་དང་བསྡུར་ན་ཡོང་འབབ་བརྒྱ་ཆ་38.1འཕར་ཡོད་པ་དང་། འབྱུང་ཁམས་དང་འབབ་འཕར་གཉིས་ཀ་མི་འཕྱུག་པ་བྱུང་ཞིང་སྔོ་འགྱུར་དང་འཕེལ་རྒྱས་གཉིས་ཀ་དོན་དུ་གཉེར་ཐུབ་ཡོད།
ལི་པའོ་ཕིང་གིས་ལྷ་ས་གྲོང་ཁྱེར་གྱིས“སྲུང་སྐྱོང་གཞི་རྩར་བྱེད་པ་དང་། དོ་དམ་ནན་པོ་བྱེད་པ། མ་ལག་ལྡན་པའི་བཅོས་སྐྱོང་། ཚན་རིག་དང་མཐུན་པའི་ཉམས་གསོ། ལུགས་མཐུན་བེད་སྤྱོད”བཅས་ཀྱི་རྩ་དོན་དོན་འཁྱོལ་ནན་པོ་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་13ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་81.89ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་20.8ཟིན་ཡོད་པས་འདམ་རའི་ཚད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་7ཟིན་ཡོད་ཅེས་བཤད།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”མཇུག་འགྲིལ་བའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་སྒྲིག་ཁོངས་ཀྱིས་རྒྱུན་མཐུད་ངང་གཞི་ཁྱོན་ཆེན་མོའི་རྒྱལ་ཁོངས་སྔོ་འགྱུར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ངང་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྲུང་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་ངང་ནགས་དཔོན་ལམ་ལུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྒྱུན་མཐུད་ངང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་ངང་ཐུན་མོང་གི་ནགས་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་ངང་ནགས་ལས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བ། རྒྱུན་མཐུད་ངང་ནགས་ཚལ་དང་རྩྭ་ཐང་གི་རྣམ་གྲངས་དང་མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་ངང་ནགས་ཚལ་དང་རྩྭ་ཐང་གི་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་བྱེད་པ། རྒྱུན་མཐུད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད།
ལི་པའོ་ཕིང་གིས། 2025ལོར་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་སྒྲིག་ཁོངས་ཀྱི་ལས་དོན་གཙོ་བོ་རིགས་ཆེན་པོ་བཞི་ཡོད་པ་སྟེ། དང་པོ་ནི་རྒྱལ་ཁོངས་སྔོ་འགྱུར་གྱི་ལས་དོན་ཡིན་པ་དང་། དེ་ནི་ང་ཚོའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་ལ། གཙོ་འགན་གཙོ་ལས་ཞིག་ཀྱང་ཡིན། གཉིས་པ་ནི་ནགས་ཚལ་གྱི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་སྲུང་སྐྱོང་དང་དོ་དམ་ནུས་ལྡན་བྱ་རྒྱུ་དེ་ཡིན། གསུམ་པ་ནི་ནགས་དཔོན་ལམ་ལུགས་ཀྱི་སྒྱུར་བཅོས་དང་ཚོད་ལྟ་ཡིན། བཞི་པ་ནི་ནགས་ལས་ཀྱི་འཐབ་ས་སྣ་ཚོགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུ་དེ་ཡིན། ང་ཚོས་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བྱ་ཐབས་སྣ་མང་སྤྱད་དེ།གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་ལས་འགན་ཧུར་ཐག་ངང་ལེགས་འགྲུབ་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་སྤུས་མཐོའི་འཕེལ་རྒྱས་ཐད་ནགས་ཚལ་དང་རྩྭ་ཐང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社