ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་21ཉིན་གྱི་སྔ་དྲོར། 2025ལོའི་གྲོང་ཁྱེར་ཡོངས་ཀྱི་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་2024ལོའི་གྲོང་ཁྱེར་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཕྱོགས་བསྡོམས་བྱས་པ་དང་། མིག་སྔའི་དུས་བབ་གསར་པ་དང་ལས་འགན་གསར་པར་ཕྱོགས་ནས་དབྱེ་ཞིབ་བྱས་པར་མ་ཟད། 2025ལོའི་ལས་དོན་ཐད་བཀོད་སྒྲིག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། 2024ལོར་གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱི་དྲ་འཕྲིན་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།ལྷག་པར་དུ་དྲ་རྒྱ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཤིང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། དྲ་འཕྲིན་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་ཕན་འབྲས་བཟང་པོ་ཐོབ་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དྲ་འཕྲིན་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཐུབ་ཡོད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། 2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ལ།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་དྲ་འཕྲིན་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། དྲ་རྒྱ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། རང་འགུལ་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། “དོན་ཆེན་བཞིར”དམིགས་པ།“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ།“རྩ་དོན་ལྔ”མཐའ་འཁྱོངས་བྱེད་པ། “འཐབ་ཇུས་ཆེན་པོ་བཞི”ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ། “ཕྱོགས་ལྔའི”ལས་དོན་ལ་དམ་འཛིན་བྱེད་པ། “བྱ་སྤྱོད་ཆེན་པོ་བརྒྱད”ལག་ལེན་དུ་བསྟར་བ་བཅས་བྱེད་དགོས། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱིས་དྲ་འཕྲིན་ལས་དོན་ཐད་བཀོད་སྒྲིག་གནང་བ་ལྟར།“དར་ཆ་གསལ་པོར་བསྒྲེངས་ནས་དམངས་སེམས་གཅིག་ཏུ་སྒྲིལ་བ་དང་། ཉེན་ཁ་སྔོན་འགོག་བྱས་ནས་བདེ་འཇགས་སྲུང་བ།བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཚོར་ཕན་འདོགས་པ། འགུལ་ནུས་མང་དུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་ལས་དོན་གཉེར་བྱས་ནས་ཐུན་མོང་ལ་ཁེ་བཟང་རགས་ཐབས་བྱེད་པ”བཅས་ཀྱི་ལས་འགན་ལ་དམ་པོར་དམིགས་པ། ཏང་གི་ཡང་དག་པའི་མཛུབ་ཁྲིད་ཀྱིས་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བ། གཅིག་གྱུར་འཆར་འགོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམ་པ་དོན་གཉེར་ལ་བརྟེན་ནས་ཕན་འབྲས་ཐོན་པར་བྱེད་པ། འཐབ་རྩོད་ལ་བརྟེན་ནས་རང་འགུལ་མངོན་པར་བྱེད་པ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་དཔུང་ཁག་རྩེ་གྲ་གཏོད་པ་བཅས་བྱེད་དགོས་པ་དང་།དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་དང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱས་ཏེ།ཕན་ནུས་ལྡན་པའི་བྱ་ཐབས་ལ་བརྟེན་ནས་ལྷ་སའི་དྲ་འཕྲིན་ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
ཚོགས་འདུའི་བླང་བྱ་བསྟན་དོན། 2025ལོའི་དྲ་འཕྲིན་ལས་དོན་ཡག་པོ་བསྒྲུབ་དགོས་ཤིང་།དེ་ཡང“འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། འབྱུང་འཕྲོད་ཅན་དང་གྲངས་འཛིན་ཅན་གྱི་ཕྱོགས་བསྒྱུར་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལྷ་ས་འདི་ཉིད་རྒྱལ་ཡོངས་ཀྱི་དཔེ་སྟོན་གྲོང་ཁྱེར་དུ་འགྱུར་བར་འབད་བརྩོན་བྱེད་དགོས་པ་དང་། “རིག་གནས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ།གཙོ་དོན་གྱི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དྲ་རྒྱའི་གཞུང་འཁྱོངས་གསར་འབྱེད་ལ་བརྟེན་ནས་དྲ་ཐོག་གི་དྲང་ནུས་གཅིག་ཏུ་བསྡུ་དགོས་པ། “བརྟན་ལྷིང་ལ་བརྟེན་ནས་བདེ་འཇགས་ཀྱི་གྲོང་ཁྱེར་གཏོད་པའི”ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ།རྨང་གཞི་བརྟན་པོ་དང་རྨང་གཞི་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕྱོགས་ཁག་གི་མཉམ་འགུལ་མཉམ་ལས་ལ་མཐུན་སྦྱོར་བྱས་ཐོག དྲ་རྒྱར་དོ་དམ་དང་བཅོས་སྐྱོང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། དྲ་རྒྱའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས་པ། “བཅའ་ཁྲིམས་ལ་བརྟེན་ནས་གྲོང་ཁྱེར་བཅོས་སྐྱོང་བྱེད་པའི”ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དྲ་རྒྱར་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས།ཁྲིམས་དང་སྒྲིག་སྲོལ་ལྟར་དྲ་རྒྱའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་བྱས་ཐོག་དྲ་རྒྱ་བཅོས་སྒྲིག་གི་རྣམ་པ་གསར་པ་གཏོད་དགོས་པ། “ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཆ་འཕྲིན་ཅན་གྱི་ནུས་པ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་དཀའ་ངལ་སེལ་རོགས་བྱས་ཐོག་ཆ་འཕྲིན་ཅན་འཕེལ་རྒྱས་འགྲོ་བའི་ལམ་བུ་གསར་པ་གཏོད་དགོས།
ཚོགས་འདུའི་ཐོག རྫོང(ཆུས)ཨུད་ཁག་གི་དྲ་འཕྲིན་གཞུང་དོན་ཁང་དང་། གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་འབྲེལ་ཡོད་ཚན་པ་སོགས་ཀྱི་འགན་འཁུར་བློ་མཐུན་ཚོས་2025ལོའི་གྲོང་ཁྱེར་ཡོངས་ཀྱི་དྲ་འཕྲིན་གྱི་གཙོ་གནདལས་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད། གྲོང་ཨུད་དྲ་འཕྲིན་ཨུ་ལྷན་གྱི་ཨུ་ཡོན་ཚན་པ་དང་།གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་།དེ་བཞིན་གྲོང་ཁྱེར་རིམ་པའི་སྲིད་དོན་སྨྱན་སྦྱོར་གསར་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社