分享按钮

2025ལོའི་གྲོང་ཁྱེར་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་21ཉིན། 2025ལོའི་གྲོང་ཁྱེར་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་རྫོང(ཆུས)ཁག ནུས་པའི་གླིང་ཁུལ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་དང་།དེ་བཞིན་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ཁོངས་མི་ཡོངས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག 2024ལོའི་གྲོང་ཁྱེར་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་སྦྲགས།《ལྷ་ས་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་གི་2025ལོའི་ལས་ཀའི་གཙོ་གནད》ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ད་ལོའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པར།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་དགོས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྒྱུན་མཐུད་ངང་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། རིག་གནས་ཀྱི་མཐུན་རྐྱེན་བསྐྲུན་པ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། 2025ལོའི་གྲོང་ཁྱེར་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་སྤེལ་སྐབས།འདས་ཟིན་ལ་ཕྱིར་མིག་བལྟས་ནས་གྲུབ་འབྲས་ཕྱོགས་བསྡོམས་དང་། དུས་བབ་ལ་དབྱེ་ཞིབ་བྱེད་པའི་ཁྲོད་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་དགོས་པ་དང་། གནད་སྨིན་ཤུགས་འདོན་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། ཤེས་དཔལ་གྱི་ལས་ཀའི་ལམ་སྲོལ་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་སྐྱོང་ལས་གཞི་ལག་བསྟར་བྱེད་པ་དང་། ནར་མ་སོན་པའི་མི་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་པ། དྲ་རྒྱའི་ཤེས་དཔལ་ཁོར་ཡུག་ལེགས་སུ་གཏོང་བ། བསམ་པའི་དཔལ་ཡོན་གྱི་གཏམ་རྒྱུད་བརྒྱུད་སྤེལ་བྱེད་པ་སོགས་ཕྱོགས་མང་པོའི་ཐད་མཉམ་དུ་སྐུལ་འདེད་བཏང་སྟེ་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ། འགན་འཁྲི་ཁ་གསལ་དང་མཐུན་སྦྱོར་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་འགན་འཁྲི་ནན་དུ་གཏོང་བ་དང་། མཉམ་ཤུགས་གཅིག་སྒྲིལ་བྱས་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198334.html 1 2025ལོའི་གྲོང་ཁྱེར་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་འཚོགས་པ། /enpproperty-->