(པར་ངོས་དང་པོར་མཐུད)ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན།བྱ་ཐབས་འཆར་འགོད་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། དེ་ཡང་རིམ་པ་ཁག་དང་ཚན་པ་ཁག་གིས་ལས་འགན་གྱི་ཞིབ་ཐོ་དང་བསྡུར་བ་བཏང་སྟེ། ཁྲིམས་འགལ་གྱི་ཁང་པ་བཤིག་པ་དང་། ཁོར་ཡུག་གཙང་སྦྲ། “འཁོར་རྒྱུན་གསུམ”གྱི་བཅོས་སྒྲིག་སོགས་གནད་འགག་ཆེ་བའི་ལས་འགན་སྒྲུབ་པའི་ཐད་ལྟ་སྐུལ་བྱེད་དགོས་པ་དང་། སྡེ་ཚན་གྱི་ཆ་འཕྲིན་གྱི་བཀག་རྒྱ་མེད་པར་བཟོས་ཏེ། གྲངས་འཛིན་དང་རིག་ནུས་ཅན་གྱི་ལས་སྟེགས་ལ་བརྟེན་ནས་ཆ་འཕྲིན་མཉམ་སྤྱོད་མངོན་འགྱུར་ཡོང་བར་བྱས་ཐོག“ཤེས་རྟོགས་དང་། བསྒྲུབ་རྒྱུར་སྤྲོད་པ། བཅོས་སྒྲིག ལན་སྤྲོད”བཅས་གདུབ་ཟུམ་གྱི་རྣམ་པ་ཞིག་ཆགས་པར་བྱས་ནས་དུས་བཀག་ནང་གནད་དོན་ཐག་གཅོད་ཡོང་བར་འགན་ལེན་བྱེད་དགོས། དམིགས་འབེན་གཏན་འཁེལ་བྱས་ནས་ཡང་བསྐྱར་ཤུགས་སྣོན་རྒྱག་དགོས། དེ་ཡང་གྲོང་ཁུལ་གཙོ་བོ་དང་གཙོ་གནད་ས་ཁོངས་ཀྱི་གནད་དོན་བསྐྱར་དུ་ཐོན་སླ་བའི་ས་ཚིགས་དང་གཙོ་གནད་གནད་དོན་ཐད་གྲལ་བཤེར་བྱས་ཏེ“གནད་དོན་གཅིག་ལ་རྩིས་ཐོ་གཅིག”གི་ཞིབ་ཐོ་བཟོ་དགོས་པ་དང་། “དྲིལ་བསྒྲགས་དང་ཁྲིད་སྟོན་སྔོན་ལ་སྤེལ་བ་དང་། མཉམ་འབྲེལ་ཁྲིམས་འཛིན་དུས་ཐོག་ཏུ་སྤེལ་བའི”རྣམ་པ་སྤྱད་དེ་དམིགས་ཚད་ལ་དམ་འཛིན་བྱས་ནས་ནུས་ཤུགས་མཉམ་འདོན་བྱས་ཐོག་ཁོར་ཡུག་རྒྱུན་མཐུད་ངང་མཛེས་པོ་ཡོང་བར་སྐུལ་འདེད་གཏོང་དགོས། དཀའ་ངལ་ཐག་གཅོད་བྱས་ནས་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དེ་ཡང་རིམ་ཁག་ལས་བྱེད་པས“འཐབ་ས་མདུན་མའི་ལས་ཀའི་ཐབས་ལམ”ལག་ལེན་དུ་བསྟར་ཏེ་རང་འགུལ་ངང་སྡེ་ཁུལ་དུ་བསྐྱོད་ནས་དམངས་ཀྱི་འདོད་བློར་ཉན་པ་དང་དཀའ་གནད་སེལ་རོགས་བྱེད་དགོས་པ་དང་། ཁོར་ཡུག་བཅོས་སྒྲིག་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་བྱེད་པའི་སྤྱོད་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་འགན་གཞན་དཀྲི་དང་ཁྲལ་སེལ་སླ་བཅོས་བྱེད་མཁན་གྱི་ལས་བྱེད་པར་འགན་འཁྲི་བདའ་འདེད་ནན་པོ་བཏང་ཐོག མང་ཚོགས་ལ་ཁོར་ཡུག་ལེགས་སུ་ཕྱིན་པ་ལས་བྱུང་བའི་འབྲས་བུ་དངོས་ཚོར་ཐུབ་པར་བྱེད་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པའི་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་ཆེད་ལེགས་སྐྱེས་འབུལ་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社