分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་དུ་ཕེབས་ནས“གཞི་རིམ་དུ་སླེབས་པ་བཞིའི”འགན་ལེན་ལས་དོན་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་དང་བཅས་པ་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་དུ་ཕེབས་ནས“གཞི་རིམ་དུ་སླེབས་པ་བཞིའི”འགན་ལེན་ལས་དོན་སྤེལ་ནས་རྨམ་མཚོའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་བྱང་རྒྱུད་མེ་ཟོན་འཕྲལ་སྡོམ་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

དགྲ་འདུལ་དང་བཅས་པ་རྨམ་མཚོའི་གཞུང་ལམ་དུ་ཕེབས་ནས་གཞུང་ལམ་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་གནས་ཚུལ་ཐད་མཁྱེན་རྟོཊ་ཞིབ་ཕྲ་གནང་བར་མ་ཟད། གཞུང་ལམ་འགྲིམ་འགྲུལ་བདེ་འཇཊ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱའང་བཏོན་གནང་བ་རེད། ཁོང་གིས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད། རྨམ་མཚོའི་གཞུང་ལམ་ཐོག་རླངས་འཁོར་འགྲོ་མང་བ་དང་ལམ་དུམ་ཁག་ཅིག་ལ་འཁྱཊ་པ་ཐེབས་པ་སོཊ་ཀྱི་བདེ་འཇཊ་ཀྱི་མངོན་མེད་རྐྱེན་ངན་གྱི་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མངོན་མེད་རྐྱེན་ངན་གྱི་ལམ་དུམ་བཅོས་སྒྲིག་བྱེད་པའི་འཆར་འགོད་མགྱོགས་མྱུར་བཟོས་ནས་དུས་ཚོད་ཁག་བགོས་ཀྱི་གསལ་ཐོ་གཞིར་བཟུང་སྐུལ་འདེད་གཏོང་དགོས་པ་དང་།གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མྱུར་ཚད་ལས་བརྒལ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་དགོས། ཕུགས་ཕན་ལམ་སྲོལ་འཛུཊ་པ་དང་དུས་བཀག་ལྟར“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་བཅོས་སྒྲིག་གི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་མངོན་མེད་རྐྱེན་ངན་ཡོངས་སུ་མེད་པར་བཟོས་ཏེ་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་བདེ་འཇགས་དང་ཤར་བགྲོད་ཐུབ་པའི་ཕྱིར་སྐྱོད་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།

མལ་གྲོ་གུང་དཀར་རྫོང་བྱང་རྒྱུད་མེ་ཟོན་འཕྲལ་སྡོམ་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཡུལ་དངོས་སུ་དགྲ་འདུལ་གྱིས་རྣམ་གྲངས་ཀྱི་འཕེལ་རིམ་སྙན་ཞུ་དང་སྒྲིག་ཆས་བཀོད་སྒྲིག་གི་གནས་ཚུལ་ལ་ནན་ཏན་ངང་གསན་པ་དང་སྦྲགས་ཁོང་གིས་མེ་ཟོན་འཕྲལ་སྡོམ་ས་ཚིགས་དེ་གྲོང་ཁྱེར་གྱི་བདེ་འཇགས་འགན་ལེན་མ་ལག་གི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། འགན་འཁྲིའི་སྡེ་ཚན་དང་འཛུགས་སྐྲུན་ཚན་པས་ངོས་འཛིན་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་བདེ་འཇགས་དང་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ཚོད་དང་མཚམས་ཚིགས་གཞིར་བཟུང་སྤུས་ཚད་མཐོན་པོའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་དང་སྔ་ཙམ་བེད་སྤྱོད་བྱས་ཏེ་གྲོང་ཁྱེར་གྱི་མེ་ཟོན་བདེ་འཇགས་ལ་གཞོགས་འདེགས་གང་ལེགས་བྱེད་དགོས་པའི་ནན་གསུངས་གནང་བ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198331.html 1 གྲོང་ཁྱེར་གྱི་འགོ་ཁྲིད་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་དུ་ཕེབས་ནས“གཞི་རིམ་དུ་སླེབས་པ་བཞིའི”འགན་ལེན་ལས་དོན་སྤེལ་བ། /enpproperty-->