分享按钮

རང་གྲོང་གི་ནགས་ལས་དང་རྩྭ་ཐང་ལས་དོན་གྱིས་འབྱུང་ཁམས་ལ་བརྟེན་ནས་དམངས་ལ་ཕན་པ་སྐྲུན་པའི་རྣམ་པ་གསར་པ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་2025ལོའི་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ལས་དོན་གྱི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་2024ལོའི་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་གནང་བར་མ་ཟད། 2025ལོའི་གཙོ་གནད་ལས་དོན་ཀྱང་བཀོད་སྒྲིག་གནང་ཡོད།

གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་དུ་བསྟར་བ་དང་།“རི་བོ་གཉིས”ཀྱི་འདུ་ཤེས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་ཞིང་། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་ཐད་དམིགས་པ་དང་།“གདོང་དམག་བདུན”ཡག་པོ་བྱེད་པ་དང“ལོ་ལྔའི་རིང་རི་ཀླུང་དུ་སྔོ་ལྗང་མང་དུ་གཏོང་བ་དང་ལོ་བཅུ་རིང་ལྷ་ས་སྔོ་ལྗང་གིས་ཁེངས་པའི”འབད་འཐབ་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས།“ཁུལ་དབྱེ་ནས་འགན་ལེན་བྱེད་པ་དང་ཡུལ་དངོས་སུ་ལྟ་སྐུལ་བྱེད་པའི”ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ཀྱི་ཞབས་ཞུའི་འགན་ལེན་དང་སྦྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཐོག ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་དང་གྲོང་ཁྱེར་གྱི་བགྲོད་ལམ་གཡས་གཡོན་གྱི་སྔོ་འགྱུར་དང་བསྒྱུར་བཀོད་སོགས་ཀྱི་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིམ་པ་གཉིས་པའི་བརྟག་ཞིབ་པ་ལི་པའོ་ཕིང་གིས། 2024ལོར་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་ཤིང་འཛུགས་ནགས་གསོ་དང་སྲ་བརྟན་དང་རིམ་སྤོར་མུའུ་ཁྲི་17.88ལེགས་གྲུབ་བྱས་ཤིང་།ཤིང་འཛུགས་ནགས་གསོ་རྐང་ཁྲི་1200ལྷག་ཙམ་བྱས་པར་གསོན་ཚད་བརྒྱ་ཆ་85ཡན་ཟིན་ཡོད། སྤུས་ཚད་མཐོན་པོའི་སྒོ་ནས་བགྲོད་ལམ་19དང་སྤྱི་གླིང་6གི་རིམ་སྤོར་དང་སྲ་བརྟན་ལས་དོན་ལེགས་གྲུབ་བྱས་ཤིང་། ཤིང་སོན་རྐང་ཁྲི་381བཙུགས་པ་དང་། གསར་དུ་འཕར་བ་དང་སྒྱུར་བཀོད་བྱས་པའི་གྲོང་ཁྱེར་གྱི་སྔོ་འགྱུར་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.88ཟིན་པ། རྒྱལ་ཁབ་ཀྱི་སྔོ་འགྱུར་གྲངས་འབོར་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད་ཅེས་བཤད།

ལས་ཞུགས་ནི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཡིན། 2024ལོར་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་འབྱུང་ཁམས་ལ་བརྟེན་ནས་དམངས་ལ་ཕན་པ་སྐྲུན་པ་དང་འབྱུང་ཁམས་ལ་བརྟེན་ནས་དམངས་ལ་ཁེ་ཕན་སྦྱིན་པའི་རྣམ་གྲངས་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞི་དང་གྲོང་ཁྱེར་གྱི་བགྲོད་ལམ་སྔོ་འགྱུར་གྱི་རིམ་སྤོར་དང་བསྒྱུར་བཀོད་ལས་གཞི་སོགས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཤིང་། ཞིང་འབྲོག་མང་ཚོགས་སྔོ་འགྱུར་ནགས་གསོའི་ལས་དོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱེད་པ་དང་། མང་ཚོགས་དོ་དམ་སྲུང་སྐྱོང་གི་ལས་དོན་ནང་ཞུགས་རྒྱུའི་ཡིད་དབང་འགུག་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱི་མི་ཐེངས་ཁྲི་213ལྷག་ཙམ་ལས་ཞུགས་བྱས་ནས་འབབ་འཕར་སྒོར་དུང་ཕྱུར་7.65ལྷག་ཙམ་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། དེ་བཞིན་མ་དངུལ་གྱི་ལྟ་སྐུལ་དོ་དམ་ནན་དུ་བཏང་ནས། འབྱུང་ཁམས་ནགས་སྲུང་པའི་ལས་གནས་ཁ་གསབ་མ་དངུལ་སྒོར་ཁྲི་2768.5དང་། འབྱུང་ཁམས་སྤྱི་ཕན་ནགས་ཚལ་གྱི་དོ་དམ་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི་3850བཅས་དོན་འཁྱོལ་བྱས་པས། ནགས་སྲུང་པ་དང་འབྱུང་ཁམས་ལས་གནས་ཀྱི་ལས་དོན་པ་11598ལ་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་5705.6བྱུང་ཡོད། གཞན་ཡང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198332.html 1 རང་གྲོང་གི་ནགས་ལས་དང་རྩྭ་ཐང་ལས་དོན་གྱིས་འབྱུང་ཁམས་ལ་བརྟེན་ནས་དམངས་ལ་ཕན་པ་སྐྲུན་པའི་རྣམ་པ་གསར་པ་བཏོད་པ། /enpproperty-->