分享按钮

བྱ་ཐབས་སྣ་ཚོགས་སྤྱད་དེ་འཛད་སྤྱོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་དང་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་བཏང་བ།

(པར་ངོས་དང་པོར་མཐུད)གཉེར་སྐྱོང་པའི་ཡིད་རྟོན་གཉེར་སྐྱོང་གི་འདུ་ཤེས་དང་ནུས་པ་སྔར་བས་ཆེ་རུ་བཏང་སྟེ། འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་སྔར་ལས་ལེགས་སུ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་ཁེ་དབང་སྲུང་སྐྱོང་ས་ཚིགས་འཐུས་ཚང་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐབས་ལམ་སྔར་བས་ལེགས་སུ་འགྲོ་རྒྱུར་འགན་ལེན་བྱས་ཡོད། མིག་སྔར། མལ་གྲོ་གུང་དཀར་དང་། འདམ་གཞུང་། སྙེ་མོ། ལྷུན་གྲུབ། ཆུ་ཤུར་བཅས་རྫོང་5ལ་ཤང་གྲོང་གི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འབྲེལ་གཏུགས་ས་ཚིགས་བཙུགས་ཡོད་པས། ཁྲོམ་རའི་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་ཐུབ། དེ་དང་ཆབས་ཅིག་རང་གྲོང་གིས་དྲ་སྦྲེལ་བརྒྱུད་ནས་ཁེ་དབང་ལ་སྲུང་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐོགས་མེད་བགྲོད་ལམ་བཏོད་ཡོད་པ་དང་། གྲོང་ཁྱེར་ཡོངས་སུ་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འབྲེལ་གཏུག་ས་ཚིགས་103བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། ཁེ་ལས་རང་ཉིད་ཀྱིས་དྲ་ཐོག་ནས་འཛད་སྤྱོད་ཀྱི་རྩོད་གཞི་346འདུམ་འགྲིག་བྱས་པ་དང་། རང་འགུལ་ངང་འཛད་སྤྱོད་ཀྱི་རྩོད་གཞི་འདུམ་འགྲིག་བྱེད་ཚད་བརྒྱ་ཆ་90ཡན་ཟིན་པ། ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཞབས་ཞུའི་སྒམ་40བཞག་ཡོད་པ་དང་། ཡུལ་སྐོར་ཉོ་སྒྲུབ་ཁྲོམ་ར་ཆེ་གྲས་17གྱིས་འབྱུང་འཕྲོད་ཁེ་དབང་སྲུང་སྐྱོང་མངོན་འགྱུར་བྱས་ནས། ཡུལ་ཁོངས་ཡུལ་སྐོར་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། རང་སྐྱོང་ལྗོངས་འཛད་སྤྱོད་པའི་མཐུན་ཚོགས་དང་མཉམ་འབྲེལ་ཐོག་ཁྲེང་ཀོན་ཝན་ཏ་ཐང་ཆེན་དེ་བོད་རང་སྐྱོང་ལྗོངས་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཡིད་རྟོན་ཆ་འཕྲིན་སྤྱི་བསྒྲགས་ཀྱི་དཔེ་སྟོན་ཚན་པར་བཏོད་པ་དང་། ཁྱོན་བསྡོམས་ཚོང་ཁང་191ཡིས་འཛད་སྤྱོད་ཡིད་རྟོན་གྱི་རྩ་གཉིས་ཨང་རྟགས་སྤྱད་དེ་ཁེ་དབང་སྲུང་སྐྱོང་དེ་མང་ཚོགས་དང་དེ་བས་ཐག་ཉེ་བ་དང་འཛད་སྤྱོད་པར་སྟབས་བདེ་ཡོང་བར་བྱས་ཡོད།

གཞན་ཡང་། རང་གྲོང་གིས་དུས་ཆེན་གལ་ཆེན་དང་འཛད་སྤྱོད་བྱེད་མང་བའི་དུས་ལ་དམིགས་ཏེ། འཛད་སྤྱོད་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཡར་ཐོན་ལྔའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། 2024ལོར། འཛད་སྤྱོད་ཐད་ཀྱི་དྲན་སྐུལ་དང་ཉེན་བརྡ་50ལྷག་ཙམ་སྤེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི་3ལྷག་ཙམ་འགྲེམས་སྤེལ་བྱས་པ། མི་ཐེངས་2000ལྷག་ཙམ་གྱི་དྲི་བར་ལན་བཏབ་པ་རེད། ཚད་ལྡན་ཅན་གྱི་ཟས་རིགས་མགྱོགས་མྱུར་ཞིབ་བཤེར་ས་ཚིགས་10བཙུགས་པ་དང་། དྲ་སྦྲེལ་དང་སྒོ་དབྱེ་རྣམ་པའི་ཐབ་ཚང་ཟུང་འབྲེལ་བྱས་པ། མགྱོགས་མྱུར་ཞིབ་བཤེར་ཐེངས་ཁྲི་9ལྷག་ཙམ་བྱས་པར། ཚད་གཞི་ལོན་ཚད་བརྒྱ་ཆ་99ཡན་ཟིན་ཡོད་པ་རེད།

2024ལོར། ཞུ་གཏུག་དང་ཐེར་འདོན་ཁ་པར་12315ཡི་ཐོག་ནས་གྱོད་གཞི་ཁྲི་1.31བདག་སྤྲོད་བྱས་པ་དང་། དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་452.31གསབ་པ། གྱོད་གཞི་ཐག་གཅོད་བྱེད་ཚད་བརྒྱ་ཆ་100ཟིན་པ་དང་། གྱོད་གཞི་ཁག་6658ཐག་གཅོད་བྱས་པ་དང་། གྱོད་གཞིའི་རིན་ཐང་སྒོར་ཁྲི་346ཟིན་པ། དངུལ་ཆད་དང་གཞུང་བཞེས་ལ་སྒོར་ཁྲི་558ཟིན་ཡོད། ཚོང་ཟོག་རྫུན་མ་རིགས་10ལྷག་ཙམ་དང་ཏུན་63.5མེད་པར་བཟོས་པ་དང་། སྤྱིའི་རིན་ཐང་སྒོར་ཁྲི་416ཟིན་ཡོད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དྲ་རྒྱ་ལྟ་སྐུལ་ཁོའོ་ཡི་འགན་འཁུར་བ་དང་ལྷ་ས་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བཟང་མོས་ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་པས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་འཛད་སྤྱོད་ཐད་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། རྩོད་གཞི་ནུས་ལྡན་ངང་ཐག་གཅོད་བྱེད་པ། མཉམ་བཅོས་ཀྱི་རྣམ་པ་ཞིག་གཏོད་པ། མང་ཚོགས་ཀྱི་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། དོན་དངོས། ཡག་པོ་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ། གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་ཆེད་ཁྲོམ་ར་ལྟ་སྐུལ་དོ་དམ་གྱིས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 6 6 拉萨日报藏文 c197863.html 1 བྱ་ཐབས་སྣ་ཚོགས་སྤྱད་དེ་འཛད་སྤྱོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་དང་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་བཏང་བ། /enpproperty-->