分享按钮

ཝང་ཆང་གིས་འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་།ཚད་གཞི་མཐོ་བའི་འཛུགས་སྐྲུན།སྤུས་ཚད་མཐོ་བའི་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་རིགས་དང་། སྡོད་གནས།རོལ་རྩེད།ཡུལ་སྐོར་བཅས་ལ་འཚམ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ལྕགས་པོ་རིའི་ཁོར་ཡུག་བཅོས་སྒྲིག་ལས་གྲྭར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ལས་གྲྭའི་ངེས་གནས་དང་ནང་དོན་ལ་གོ་བ་གཏིང་ཟབ་ལེན་ཏེ་ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་པའི་སྒོ་ནས་ལྕགས་པོ་རིའི་ཁོར་ཡུག་བཅོས་སྒྲིག་ལས་གྲྭར་ནུས་ཤུགས་ཡོད་རྒྱུས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་བྱེད་ནུས་ཐད་ལེགས་ཆ་བསྣན་དགོས། ཚོགས་པ་ནན་གྱིས་འདེམས་པ་དང་། སྐྱེད་ཚལ་ལས་གྲྭའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་ཕུལ་དུ་བྱུང་བའི་ཆེད་ལས་ཀྱི་ནུས་པ་ལྡན་པའི་ཇུས་འགོད་པ་དང་ཨར་ལས་ཚོགས་པ་འདེམས་སྒྲུག་ཞིབ་ཚགས་བྱས་ཏེ་འཆར་འགོད་དང་ཇུས་འགོད་ནས་ཨར་ལས་འཛུགས་སྐྲུན་བར་གྱི་གོམ་སྟབས་རེ་རེར་གནད་ལ་འཁེལ་བའི་སྒོ་ནས་འགན་ལེན་བྱས་ནས་སྤུས་ཚད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པ། ལས་དོན་ཞིབ་ཚགས་སྤེལ་དགོས་པ་ཏེ།སྤུས་ཀ་མཐོར་འདེགས་དང་། སྤུས་ལེགས་ཐོན་རྒྱུ། ཚད་ལྡན་གསར་གཏོད་བཅས་ཀྱི་དམིགས་འབེན་བླང་བྱར་དོ་སྣང་ཆེན་པོ་བྱས་ཏེ་སྤུས་ལེགས་ཀྱི་འདུ་ཤེས་འཛུགས་པ་དང་། ལས་གྲྭའི་སྤུས་ཚད་ལ་དམ་འཛིན་ནན་པོ་དང་ཨར་ལས་བཟོ་རྩལ་ཞིབ་ཕྲ་བྱས་ཏེ་ཞིབ་ཚགས་དང་། སྤུས་ལེགས། རྩེར་སོན། ངོ་མཚར་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་དུས་ཚོད་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་སྤུས་ལེགས་ཀྱི་ལས་གྲྭ་ཞིག་ཏུ་འགྱུར་བར་བྱེད་དགོས། མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྡེ་ཚན་ཁག་དང་ཚོགས་པ་ཁག་དབར་འབྲེལ་གཏུག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་གྱི་བཀག་རྒྱ་གཏོར་བ། ཕན་ནུས་ཆེ་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ཐུན་མོང་གི་གནད་དོན་ཐག་གཅོད་བཅས་བྱས་ཏེ་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་སྡེབ་སྟོབས་ཤུགས་ཆེན་པོ་ཆགས་སུ་འཇུག་དགོས་པའི་བླང་བྱ་བཏོན་གནང་བ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 6 6 拉萨日报藏文 c197862.html 1 ཝང་ཆང་གིས་འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་།ཚད་གཞི་མཐོ་བའི་འཛུགས་སྐྲུན།སྤུས་ཚད་མཐོ་བའི་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་རིགས་དང་། སྡོད་གནས།རོལ་རྩེད།ཡུལ་སྐོར་བཅས་ལ་འཚམ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་གསུངས་གནང་བ། /enpproperty-->