分享按钮

ཨ་ཀེན་ཐིན་གྱི་སྨྱན་སྦྱོར་མི་སྣས་གློག་བརྙན《ནེ་ཀྲ་2》ལ་འཛམ་གླིང་ས་གནས་ཁག་གི་ལྟད་མོ་བའི་ལྟ་ཚུལ་གཅིག་མཐུན་བྱུང་ཡོད་ཅེས་བཤད་པ།

ཤིན་ཧྭ་གསར་འགྱུར་ཁང་པུའུ་དབྱི་ནོ་སི་ཨའེ་ལི་སིས་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ།ཨ་ཀེན་ཐིན་སྤྱི་པའི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་པོ་ལོའོ་ཁོ་ཕ་ལིས་ཉིན་ཤས་གོང《ཨ་ཀེན་ཐིན་དུས་ཚོད་ཚགས་པར》ཐོག་རྩོམ་ཡིག་སྤེལ་ནས་སྲོལ་རྒྱུན་རིག་གནས་ནང་རྩ་བ་ཚུགས་པའི་གཏམ་རྒྱུད་དེ་རྒྱལ་མཚམས་ལས་བརྒལ་ཐུབ་པ་དང་།ཀྲུང་གོའི་འགུལ་རིས་གློག་བརྙན《བདུད་ཕྲུག་ནེ་ཀྲས་ཀླུ་ཡུལ་དཀྲུགས་པ》(གཤམ་དུ《ནེ་ཀྲ་2》ཞེས་བསྡུ་རྒྱུ)ལ་འཛམ་གླིང་ས་གནས་ཁག་གི་ལྟད་མོ་བ་རྣམས་ལ་ལྟ་ཚུལ་གཅིག་མཐུན་བྱུང་བ་རེད།རྩོམ་ཡིག་གི་གནད་བསྡུས་གཤམ་གསལ་ལྟར།

གློག་བརྙན《ནེ་ཀྲ་2》དེ་ཀྲུང་གོའི་ལུགས་རྙིང་ལོ་གསར་གྱི་ཉིན་དང་པོར་བསྟན་རྗེས།སྤ་སེའི་ཟིན་ཐོ་གསར་པ་བཏོད་པ་རེད།དེ་ནི་དབྱིན་སྐད་མིན་པ་དང་ཧའོ་ལའེ་ཝུའུ་མིན་པའི་ཕུལ་བྱུང་འགུལ་རིས་གློག་བརྙན་ཞིག་ཡིན་པ་དེས་སྔོན་ཐོན་གྱི་མཐོང་ཚོར་གྱི་ལག་རྩལ་དེ་ཀྲུང་གོའི་ལྷ་སྒྲུང་དང་དམངས་ཁྲོད་ཀྱི་ངག་རྒྱུན་དང་ཕན་འབྲས་ཐོན་པའི་ངང་ཟུང་འབྲེལ་བྱས་ནས་མི་ཚང་མའི་སྔོན་དཔག་ལས་བརྒལ་ཡོད་པ་རེད།དེ་ནི་ཀྲུང་གོའི་འགུལ་རིས་གློག་བརྙན་གྱི་ལོ་རྒྱུས་ཡིན་པར་མ་ཟད།གོ་ལ་ཧྲིལ་པོའི་འགུལ་རིས་གློག་བརྙན་གྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན།

གློག་བརྙན《ནེ་ཀྲ་2》ཡི་ཟློས་གར་གྱི་ནང་དོན་ནི་སྤྲོ་བ་ལྡན་པ་དང་ངར་སྐུལ་འཕེལ་བར་མ་ཟད།བསམ་གཞིགས་ཀྱང་བྱེད་ཐུབ།དེས་ཀྲུང་ཧྭ་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་མངོན་པར་མ་ཟད།མི་ཚང་མས་མྱོང་ཚོར་གཅིག་མཐུན་གྱི་བརྩེ་དུང་དང་རིན་ཐང་ལྟ་བ་ཡང་མཚོན་ཡོད་པས།ལོ་ན་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་གློག་བརྙན་ལྟ་མཁན་རྣམས་ལ་ལྟ་ཚུལ་གཅིག་མཐུན་བྱུང་ཡོད།དེའི་ལེགས་གྲུབ་ཀྱི་ཐོག་ནས་སྲོལ་རྒྱུན་རིག་གནས་ནང་རྩ་བ་ཚུགས་པའི་གཏམ་རྒྱུད་རྒྱལ་མཚམས་ལས་བརྒལ་ཐུབ་པ་དང་།ཕུལ་བྱུང་བརྩམས་ཆོས་དེ་རིགས་ཀྲུང་གོ་དང་འཛམ་གླིང་དབར་རིག་གནས་སྤེལ་རེས་བྱེད་པའི་སྦྲེལ་ཟམ་གསར་པ་དང་སྐར་ཁུང་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་མཚོན་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 6 6 拉萨日报藏文 c197864.html 1 ཨ་ཀེན་ཐིན་གྱི་སྨྱན་སྦྱོར་མི་སྣས་གློག་བརྙན《ནེ་ཀྲ་2》ལ་འཛམ་གླིང་ས་གནས་ཁག་གི་ལྟད་མོ་བའི་ལྟ་ཚུལ་གཅིག་མཐུན་བྱུང་ཡོད་ཅེས་བཤད་པ། /enpproperty-->