ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་16ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ལྕགས་པོ་རིའི་ཁོར་ཡུག་བཅོས་སྐྱོང་ལས་གྲྭའི་འབྲེལ་ཡོད་གནས་ཚུལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཡུལ་དངོས་སུ་བརྟག་ཞིབ་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་འགོ་ཚུགས་ས་མཐོ་བའི་འཆར་འགོད་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། སྤུས་ཚད་མཐོ་བའི་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་ཏེ་སྤུས་ལེགས་ལས་གྲྭ་བསྐྲུན་རྒྱུའི་ཆོད་སེམས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ལས་རིགས་དང་། སྡོད་གནས། རོལ་རྩེད། ཡུལ་སྐོར་བཅས་ལ་འཚམ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཝང་ཆང་རྣམ་གྲངས་ཀྱི་ཡུལ་དངོས་སུ་ཕེབས་ནས་ལས་གྲྭའི་མྱུར་ཚད་དང་དེ་བཞིན་གནས་པའི་དཀའ་གནད་དང་འགག་གནད་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ལྕགས་པོ་རིའི་ཁོར་ཡུག་བཅོས་སྐྱོང་ལས་གྲྭ་ནི་དམངས་འཚོའི་ལས་གྲྭ་དང་དམངས་སེམས་ཀྱི་ལས་གྲྭ་གལ་ཆེན་ཞིག་ཡིན་ཞིང་། གྲོང་ཁྱེར་གྱི་གཟུགས་བརྙན་དང་འབྲེལ་བ་ཡོད་པས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社