分享按钮

བྱ་ཐབས་སྣ་ཚོགས་སྤྱད་དེ་འཛད་སྤྱོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་དང་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་བཏང་བ།

རང་གྲོང་གི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་ཐུབ་པ།

ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འཛད་སྤྱོད་པ་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། གཉེར་སྐྱོང་མཁན་གྱིས་རང་གཅུན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཤུགས་ཆེར་གཏོང་བ། ཁེ་དབང་ལ་སྲུང་སྐྱོང་བྱེད་སྟངས་གསར་གཏོད། གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་པ་བཅས་བྱས་པས། གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་ཐུབ་ཡོད།

མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འབྲེལ་གཏུག་ས་ཚིགས་སུ། མང་ཚོགས་ཀྱིས་འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་པར་རང་ཉིད་ལ་འཕྲད་པའི་འཛད་སྤྱོད་ཀྱི་གནད་དོན་སྙན་སེང་ཞུ་བཞིན་ཡོད། ས་ཚིགས་ཀྱིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། འདུམ་འགྲིག་བྱེད་ཐབས་ཀྱིས་ཐག་གཅོད་བྱེད་མ་ཐུབ་པའི་རིགས་འཕྲལ་དུ་མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་པར་འབྲེལ་བ་བྱས་ནས་ཁོང་ཚོས་མུ་མཐུད་ནས་ཞིབ་བཤེར་དང་། སྐྱིན་ཚབ་འཇལ་བ། ཆད་གཅོད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པས། ཞིང་འབྲོག་པའི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་མཐའ་མའི་འགག་གནད་བསལ་ཡོད་ལ། ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཡང་འགན་ལེན་ཏན་ཏིག་བྱས་ཡོད།

མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འབྲེལ་གཏུག་ས་ཚིགས་ཀྱི་འགན་འཁུར་བ་ཀུན་དགའ་སྒྲོལ་མས་གུང་དཀར་གྲོང་རྡལ་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ས་ཚིགས་དེ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་2019ལོར་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། ཤང་གྲོང་གི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འབྲེལ་གཏུག་ས་ཚིགས་ཀྱི་ནུས་པ་ཆེ་རུ་བཏང་ཡོད། 2024ལོར་ང་ཚོའི་གྲོང་རྡལ་གྱི་འབྲེལ་གཏུག་ས་ཚིགས་ཀྱིས་ཁྱོན་བསྡོམས་ཞིང་འབྲོག་པའི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་དོན་རྐྱེན་20བདག་སྤྲོད་བྱས་ནས་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་བརྒྱ་ཆ་80ཟིན་ཡོད། འདུམ་འགྲིག་ལེགས་གྲུབ་མ་བྱུང་ཚེ། དུས་ཐོག་ཏུ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་རྩིས་སྤྲད་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་དུས་ཐོག་སྲུང་སྐྱོང་བྱེད་ཀྱིན་ཡོད་ཅེས་བཤད།

ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འབྲེལ་གཏུག་ས་ཚིགས་ནི་རང་གྲོང་གིས་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ཁྲོད་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན། གཞི་རིམ་ཞིང་འབྲོག་མང་ཚོགས་ལ་འཛད་སྤྱོད་ཀྱི་གནད་དོན་འཕྲད་ཚེ། ཐད་ཀར་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་ནས་ཞུ་གཏུག་བྱེད་ཆོག་པ་དང་། ལས་དོན་པས་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡོད། གཞན་ཡང་འབྲེལ་གཏུགས་ས་ཚིགས་ཀྱི་ལས་དོན་པས་ཀྱང་དུས་རྒྱུན་གྱི་འགལ་བ་དང་རྩོད་གཞི་ཞིབ་བཤེར་བྱེད་སྐབས་མང་ཚོགས་ལ་འཛད་སྤྱོད་གནད་དོན་འཕྲད་མྱོང་ཡོད་མེད་ཐད་ཤེས་རྟོགས་བྱས་ཏེ་སྒོ་འགྲམ་དུ་བསྐྱོད་དེ་ཁེ་དབང་ལ་སྲུང་སྐྱོང་བྱས་པར་མ་ཟད། འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་དེ་ཡང་ཤང(གྲོང་རྡལ)ཡོངས་སུ་ཁྱབ་པར་བྱས་ཡོད།

མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་འཛོམས་སྐྱིད་ཀྱིས་2024ལོར། མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་ལས་སྟེགས་12315དང་། དེ་བཞིན་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345 དྲ་ཐོག་ནས་མང་ཚོགས་ཀྱིས་ཞུ་གཏུག་ཐེར་འདོན་བྱས་པ་སོགས་བརྒྱུད་དེ་གྱོད་གཞི་ཁྱོན་113ཐག་གཅོད་བྱས་པ་དང་ཞུ་གཏུག་ཐེར་འདོན་ཐག་གཅོད་བྱེད་ཚད་བརྒྱ་ཆ་100ཟིན་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་11ལྷག་ཙམ་གསབ་ཡོད། ང་ཚོས་ཕྱོགས་བསྡུས་ཁྲོམ་རའི་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འབྲེལ་གཏུག་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་དུས་ཐོག་ཏུ་འཛད་སྤྱོད་པའི་ཞུ་གཏུག་དང་ཐེར་འདོན་བདག་སྤྲོད་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག་ཡིད་རྟོན་གཉེར་སྐྱོང་ཐད་དྲིལ་བསྒྲགས་བྱེད་པ་དང་འབྲེལ་ཡོད་གསོ་སྦྱོང་སྔར་བས་ཤུགས་ཆེར་བཏང་སྟེ། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 རང་གྲོང་གི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་ཐུབ་པ། 6 6 拉萨日报藏文 c197849.html 1 བྱ་ཐབས་སྣ་ཚོགས་སྤྱད་དེ་འཛད་སྤྱོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་དང་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་བཏང་བ། /enpproperty-->