ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གསོན་ཤུགས་དང་རེ་བས་ཁེངས་པའི་དཔྱིད་ཀ་སླེབས་བྱུང་། ངར་ཤུགས་དང་སྤྲོ་སེམས་འཕེལ་བའི་དཔྱིད་ཀ་སླེབས་བྱུང་། ཟླ་3ཚེས་16ཉིན། རང་གྲོང་གི་རྫོང(ཆུས)ཁག་གིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་སྤེལ་བ་དང་། གྲོང་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་། ལག་ཏུ་གྲོ་སོ་ཕྱེ་མར་དང་། ཆང་། ཇ་བསྲུབས་མ་སོགས་ཁྱེར་ནས་ཞིང་ཁར་འཛོམས་ཏེ་ཕན་ཚུན་ལ་ཆང་འདྲེན་པ་དང་དེ་ནས་ས་བོན་འདེབས་འགོ་བཙུགས་ནས་ལོ་ཧྲིལ་པོར་གནམ་གཤིས་བཟང་ལ་ཆར་ཆུ་ལེགས་པ་དང་འབྲུ་རིགས་སྣ་ལྔར་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད།
ཟླ་3ཚེས་16ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社