分享按钮

ལྷུན་གྲུབ་རྫོང་གཅེས་སེམས་བརྒྱུད་སྤྲོད་ས་ཚིཊ་ཀྱིས་གཅེས་སེམས་གཅིག་ཏུ་བསྡུས་ནས་དྲོ་སྐྱིད་བརྒྱུད་སྤྲོད་བྱས་པ།

2014ལོར། གུང་གཞོན་སྡེ་ཚོགས་ལྷུན་གྲུབ་རྫོང་ཨུ་ཡོན་ལྷན་ཁང་དུ་ཞབས་འདེགས་ཞུ་བའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་མ་ལིས་ལྷུན་གྲུབ་རྫོང་གཅེས་སེམས་བརྒྱུད་སྤྲོད་ས་ཚིགས་ཀྱི་སྤྱི་ཕན་ཞབས་ཞུའི་རྣམ་གྲངས་བཙུགས་པ་རེད། འདས་ཟིན་པའི་ལོ་ངོ་11ནང་གཅེས་སེམས་བརྒྱུད་སྤྲོད་གུང་གཞོན་སྡེ་ཚོགས་ལྷུན་གྲུབ་རྫོང་ཨུ་ཡོན་ལྷན་ཁང་གི་དོ་དམ་འོག་སྔར་བས་ཀྱང་འཕེལ་རྒྱས་ཕྱིན་ཡོད། གཅེས་སེམས་ཚོགས་པ་འདི་ནི་དགུ་བཅུ་ལོའི་ནང་སྐྱེས་པའི་དང་བླངས་པ་མ་ལིས་སྤེལ་བ་ཞིག་ཡིན་པ་དང་།སྤྱི་ཕན་རྣམ་གྲངས་དེས་ལྷུན་གྲུབ་ལུང་གཞུང་དུ་སྤྱི་ཚོགས་ཀྱི་གཅེས་སེམས་གཅིག་ཏུ་བསྡུས་ནས་དྲོ་སྐྱིད་བརྒྱུད་སྤྲོད་བྱ་རྒྱུ་གཙོ་བོར་བྱས་ནས་དུས་རབས་གསར་པའི་གཞོན་ནུའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད། ད་ལོར། ལྷུན་གྲུབ་རྫོང་གཅེས་སེམས་བརྒྱུད་སྤྲོད་ས་ཚིགས་ལ་2024ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་ཡག་ཤོས་ཀྱི་མཚན་སྙན་ཐོབ་ཡོད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 6 6 拉萨日报藏文 c197846.html 1 ལྷུན་གྲུབ་རྫོང་གཅེས་སེམས་བརྒྱུད་སྤྲོད་ས་ཚིཊ་ཀྱིས་གཅེས་སེམས་གཅིག་ཏུ་བསྡུས་ནས་དྲོ་སྐྱིད་བརྒྱུད་སྤྲོད་བྱས་པ། /enpproperty-->