分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་ནས“གཞི་རིམ་དུ་སླེབས་པ་བཞིའི”འགན་ལེན་དང་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་3ཚེས་4ཉིན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་རུ་སྣེ་ཁྲིད་ནས་མལ་གྲོ་གུང་དཀར་རྫོང་དུ“གཞི་རིམ་དུ་སླེབས་པ་བཞིའི”འགན་ལེན་དང་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

མལ་གྲོ་གུང་དཀར་རྫོང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་དགྲ་འདུལ་དང་བཅས་པས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཞིབ་ཕྲ་གསན་པར་མ་ཟད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མི་རིགས་ཆོས་ལུགས་དོ་དམ་དང་། སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན། འགལ་ཟླ་དང་རྩོད་གཞི་སེལ་བ། ཐོན་སྐྱེད་བདེ་འཇཊ་སོཊ་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཡོངས་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཕན་འབྲས་དངོས་ཐོན་རྒྱུ་དམིགས་ཚད་དུ་བྱས་ཏེ་གྲོང་ཨུད་ཀྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

དགྲ་འདུལ་དང་བཅས་པས་ད་དུང་སྔ་རྗེས་སུ་གུང་དཀར་གྲོང་རྡལ་དང་མལ་གྲོ་གུང་དཀར་རྫོང་འཕྲལ་སྡོམ་དོ་དམ་ཅུས་སོགས་སུ་ཕེབས་ཏེ་འཚམས་འདྲི་དང་ས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་དང་སྦྲགས་ཁོར་ཡུག་བཅོས་སྒྲིག་དང་ལས་རེས་སྣེ་ཁྲིད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བར་མ་ཟད། བརྟན་ལྷིང་སྲུང་སྐྱོང་གི་གྲ་སྒྲིག་དང་ཐོན་སྐྱེད་བདེ་འཇགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཆབས་ཅིག་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་དོན་པར་གཟིགས་སྐོར་འཚམས་འདྲི་གནང་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཡང་ཞུས་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-07 6 6 拉萨日报藏文 c197555.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་ནས“གཞི་རིམ་དུ་སླེབས་པ་བཞིའི”འགན་ལེན་དང་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ། /enpproperty-->