分享按钮

གྲུ་གཡོར་བསྒྲེངས་ནས་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད། བློ་སེམས་གཅིག་ཏུ་བསྒྲིལ་ནས་གཡུར་ཟའི་གྲུབ་འབྲས་གཏོད།

ལྷ་ས་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཐད་གཏོང་ལ་ལྟ་ཉན་བྱས་པ།

པར་འདི་ནི་རིག་གནས་བློ་གསར་གླིང་གི་ལས་བྱེད་པ་དང་ལས་བཟོ་བས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོཊ་འདུ་ཐེངས་གསུམ་པའི་འགོ་ཚུགས་ལ་མཉམ་དུ་ལྟ་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་5ཉིན་གྱི་སྔ་དྲོར། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རླུང་འཕྲིན་དང་། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་བརྒྱུད་ཚོགས་ཆེན་འགོ་ཚུགས་པའི་གནས་ཚུལ་ལ་ནན་ཏན་གྱིས་ལྟ་ཉན་བྱས་པ་རེད། ཚང་མས་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ལག་བསྟར་མཐའ་འཁྱོངས་བྱེད་པ། གྲུ་གཡོར་བསྒྲེངས་ནས་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་པ་དང་བློ་སེམས་གཅིག་ཏུ་བསྒྲིལ་ནས་གཡུར་ཟའི་གྲུབ་འབྲས་གཏོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

སྔ་དྲོའི་ཆུ་ཚོད་9པར་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་ཤིང་། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དང་གྲྭ་བཞི་ཁྲོམ་གཞུང་གིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཚོགས་ཆེན་འགོ་ཚུགས་པའི་གནས་ཚུལ་ལ་གཅིག་སྡུད་ཐོག་བལྟས་པ་དང་། སྲིད་བློན་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ནན་ཏན་ངང་ཉན་པ་རེད།ཚང་མས་སྙན་སྒྲོན་ནང་བཏོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་སོགས་ཀྱི་ནང་དོན་གཙོ་བོས་གཞི་རིམ་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་པར་མ་ཟད། གཞི་རིམ་ལས་དོན་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་པའི་ངོས་འཛིན་བྱས་པ་རེད། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གཅིག་འཛུགས་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པ་སངས་སྒྲོལ་དཀར་གྱིས་སྡེ་ཁུལ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས་རང་འགུལ་ངང་ལས་དོན་ཁག་ནང་ཧུར་ཐག་ཞུགས་པ་དང་། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ཀྲུང་དབྱང་གི་ལས་དོན་གལ་ཆེན་སྡེ་ཁུལ་དུ་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ལིང་དབྱིས་ང་ཚོས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་དམངས་ཕན་སྲིད་ཇུས་ཁག་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ཏེ་རང་གྲོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགོས་ངེས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་སྡེ་ཚན་དང་གླིང་ཁུལ་ཁག་གི་ལྟ་ཉན་བྱ་ཡུལ་དུ་ཏང་ཡོན་ལས་བྱེད་པས་བློ་རྩེ་གཅིག་སྒྲིམ་ངང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ནན་ཏན་ངང་ཉན་པ་དང་འབྲེལ་འགག་རྩའི་ནང་དོན་ཁག་ཞིབ་ཚགས་ངང་ཟིན་ཐོ་རྒྱག་བཞིན་ཡོད། ཚང་མས་འདི་ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་རེད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྡུད་པ་དང་འཆར་འགོད་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་ཁུར་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་ཁབ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཡོད་པས་དེ་ནི་མི་རྣམས་ལ་སྤོབས་པ་སྐྱེས་འོས་པ་ཞིག་ཡིན།ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་འཕེལ་རྒྱས་འཆར་འགོད་ཁོའོ་ཡི་ཁོའོ་ཀྲང་བསྟན་འཛིན་སྒྲོལ་མས་གསར་འགོད་པར། ཞིང་ལས་དང་གྲོང་གསེབ་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་བློ་གྲོས་དང་སྟོབས་ཤུགས་དེ་ཚོགས་འདུ་གཉིས་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་པའི་ཐོག་ཏུ་གཅིག་སྡུད་བྱས་ནས་འཆར་འགོད་རྩ་གནད་དུ་བཟུང་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་། རྣམ་གྲངས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་འདེགས་སྐྱོར་གསར་པ་སྲ་བརྟན་དུ་གཏོང་བ། ཤེས་ལྡན་པ་རྩ་བར་འཛིན་པ་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་པ། ལམ་སྲོལ་རྒྱབ་བརྟེན་དུ་བཟུང་ནས་ཡུན་རིང་ཕན་ནུས་ལྡན་པའི་འཕེལ་རྒྱས་འགན་ལེན་གྱི་དྲ་བ་བརྟན་པོ་བསྐྲུན་ནས་ཞིང་ལས་སྟོབས་ཆེ་བ་དང་གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཡོན་ཉིང་གིས།ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྲིད་བློན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རིག་གནས་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་འཐུས་ཚང་དུ་བཏང་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་བྱེད་བཞིན་ཡོད། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་ཅིག་ཡིན་པའི་ངོས་ནས་ང་ཚོས་སླད་ཕྱིན་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར།ལྷ་སའི་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས། ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་གཙོ་གནད་ཐོག་གཞི་ཚུགས་ནས་ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཆེན་པོའི་འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཏེ།གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་སའི་སྤུས་རྟགས་སྔར་ལས་ཁྱབ་གདལ་དུ་བཏང་སྟེ།ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད།

ཚང་མས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-07 ལྷ་ས་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཐད་གཏོང་ལ་ལྟ་ཉན་བྱས་པ། 6 6 拉萨日报藏文 c197556.html 1 གྲུ་གཡོར་བསྒྲེངས་ནས་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད། བློ་སེམས་གཅིག་ཏུ་བསྒྲིལ་ནས་གཡུར་ཟའི་གྲུབ་འབྲས་གཏོད། /enpproperty-->