ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལེ་ཧྥུང་གི་སྙིང་སྟོབས་དར་འཕེལ་ཤུགས་ཆེན་གཏོང་བ་དང་། ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད། ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། ཉི་དྲོད་གླིང་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱི་དང་བླངས་པས་མཉམ་དུ་ལེ་ཧྥུང་གི་སྙིང་སྟོབས་དར་འཕེལ་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་ཅེས་པའི་གཙང་སྦྲའི་བྱེད་སྒོ་སྤེལ་ཞིང་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ལེ་ཧྥུང་གི་སྙིང་སྟོབས་ལ་གསལ་འགྲེལ་བྱས་པས་སྡེ་ཁུལ་གྲོང་མིར་དེ་བས་གཙང་སྦྲ་དང་སྐྱིད་སྣང་དོད་པའི་སྡོད་གནས་ཁོར་ཡུག་ཅིག་བསྐྲུན་ཡོད།
བྱེད་སྒོ་སྤེལ་བའི་ཉིན་དེར། དང་བླངས་པ་རྣམས་སྔ་པོ་ནས་མཉམ་དུ་འཛོམས་ཤིང་། ཕྱགས་མ་དང་།ཁྱེམ། ཕྱིས་རས་སོགས་གཙང་སྦྲའི་ཡོ་བྱད་ཁྱེར་ནས་ལ་ལས་ལམ་ངོས་ཀྱི་གད་སྙིགས་གཙང་སེལ་བྱེད་པ་དང་། ལ་ལས་གང་བྱུང་དུ་སྤུངས་པའི་ཅ་དངོས་གཙང་སེལ་བྱས་ཡོད། གཙང་སྦྲ་བྱེད་པའི་བརྒྱུད་རིམ་ནང་། དང་བླངས་པ་ཚོས་གཙང་བཙོག་དང་ངལ་དུབ་ལ་མི་སྐྲག་པར། གཙང་སྦྲ་འཕྲོད་བསྟེན་ལེགས་པར་བྱས་ཏེ། ཐུན་མོང་ཐོག་སྡེ་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཚང་མས་ངར་ཤུགས་གཅིག་སྒྲིལ་གྱིས་ངལ་རྩོལ་བྱེད་པའི་རྣམ་པ་དེ་ནི་ཡིད་དུ་འོང་བ་ཞིག་ཡོད།
ད་ཐེངས་ཀྱི་གཙང་སྦྲའི་བྱེད་སྒོས་སྡེ་ཁུལ་གྱི་རྣམ་པ་གསར་རྐྱང་དུ་ཕྱིན་པ་དང་། ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པར་མ་ཟད། ལེ་ཧྥུང་གི་སྙིང་སྟོབས་དེ་ཚང་མའི་སེམས་སུ་གཏིང་ཟབ་འཇགས་ཡོད། རྗེས་མར་ཉི་དྲོད་གླིང་སྡེ་ཁུལ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་མུ་མཐུད་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ། ལེ་ཧྥུང་གི་སྙིང་སྟོབས་སྡེ་ཁུལ་དུ་སྤེལ་ནས་དང་བླངས་ཞབས་ཞུས་མི་སེམས་ལ་དྲོ་སྐྱིད་སྦྱིན་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社