ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། ཚེས་གསུམ་ཐང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་འབྱོར་ཐོ་གཉིས་འགོད་པ་དང་ཞབས་ཞུ་ཐེངས་གཉིས་སྒྲུབ་པ་དང་། ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་ནས་ལེ་ཧྥུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པ་ཚོས་རང་སོ་སོའི་འགན་ནུས་དང་ཟུང་འབྲེལ་བྱས་ནས། ལེ་ཧྥུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་སྤེལ་བ་རེད། བདེ་འཇགས་སྦག་ཞྭ་རིན་མེད་ངང་སྤྲོད་པ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། སྡེ་ཁུལ་གྱི་ཆུ་ཀ་ལའི་ཆུའི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱས་ནས་མང་ཚོགས་ལ་འབྱུང་ཁམས་ཁོར་ཡུག་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ངང་རྒྱུད་རིང་པོས་འགྲེལ་བཤད་བྱས་པར་མ་ཟད།འབྱུང་ཁམས་ཡུག་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་ཅ་དངོས་ཀྱང་འགྲེམས་སྤེལ་བྱས་པས།སྤྱི་དམངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ནུས་ལྡན་ངང་མཐོ་རུ་བཏང་ནས། དམངས་ཡོངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་ནང་ཞུགས་པའི་རྣམ་པ་འཛུགས་རྒྱུར་རོཊ་རམ་བྱས་ཡོད།
ཚེས་གསུམ་ཐང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆུང་བདག་གིས། ལེ་ཧྥུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་སྤེལ་བ་དེས་གྲོང་མིར་རོཊ་རམ་ཡག་པོ་ཐུབ་ཡོད། འབྱོར་ཐོ་གཉིས་འགོད་པ་དང་ཞབས་ཞུ་ཐེངས་གཉིས་སྒྲུབ་པ་ཞེས་པས་ང་ཚོར་གོ་སྐབས་ཡག་པོ་བསྐྲུན་ཡོད་ཅིང་། ལས་ཐོག་ཏང་ཡོན་གྱི་སྟོབས་ཤུགས་ལ་བརྟེན་ནས་དང་བླངས་ཞབས་ཞུ་སྔར་བས་ཁྱོན་ཡོངས་དང་དེ་བས་སྙིང་ཉེ་བ་ཡོང་ཐབས་བྱས་ཡོད་ཅེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社