分享按钮

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་ཡོད་ཅིང་། ཆུ་ཚད་སྔར་བས་མཐོ་བའི་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དང་། བརྩི་སྲུང་གལ་ཆེན། ལས་འགན་གལ་ཆེན། རྩ་བའི་འགན་ལེན་བཅས་གསལ་བཤད་གཏིང་ཟབ་གནང་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། གོང་འཕེལ་གཏོང་རྒྱུ་ནི་དོན་དམ་པ་ཡིན་ལ་བདེ་འཇགས་ལ་སྣང་ཆེན་བྱ་རྒྱུ་ཡང་དོན་དམ་པ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། གྲོང་ཁྱེར་དུས་བདེ་ལྷིང་འཇགས་ཡོང་བ་བྱ་རྒྱུ་དེ་བདེ་འཇགས་ཀྱི་ལྷ་ས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་སར་ཁྱབ་པ་དང་། རྒྱུན་རྣམ་དང་ཕུགས་ཕན་ངང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཐག་གཅོད་ཆེན་པོ་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། དགོན་པའི་དོ་དམ་གྱི་རྨང་གཞི་སྲ་བརྟན་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བཅས་བྱས་ཏེ། ཆུ་ཚད་སྔར་བས་མཐོ་བའི་བདེ་འཇགས་ཀྱི་ལྷ་ས་འཛུགས་སྐྲུན་མགྱོགས་སུ་གཏོང་བར་རོགས་རམ་བྱེད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅིའི་ཡིག་ཐོག་གི་ལས་འགན་སྙན་ཞུར་གཟིགས་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་དང་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་འབད་འབུངས་ཡར་བརྩོན་གྱིས་ཆབ་སྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ལས་ཀའི་ཆུ་ཚད་མཐོ་རུ་བཏང་སྟེ། དམ་པ་དོན་གཉེར་དང་འགག་སྒྲོལ་དཀའ་ངལ་སེལ་གྱིས་འབད་བརྩོན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་བར་བྱེད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ལྷ་སའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་ཐད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ། སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གསུམ་དང་གྲོང་ཁྱེར་ལྔའི་ངེས་གནས་སྔར་བས་གསལ་པོ་ཡོང་བར་སྐུལ་འདེད་བཏང་ཐོག ནུས་ཤུགས་ཡོད་རྒུས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་གསོན་ཉམས་ལྡན་པའི་ལག་ལེན་བྱ་ཡུལ་ཞིག་བསྐྲུན་དགོས་པ་དང་། ཏང་འཛུགས་སྐྱོང་དེ་དངུལ་རྩའི་མ་ལག་བཅོས་སྐྱོང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་། རྩ་འཛུགས་ཀྱི་འཛུགས་སྐྲུན། ཤེས་ལྡན་པ་གསོ་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་ལ་གཅིག་གྱུར་གྱིས་དམ་འཛིན་བྱས་ཐོག སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་གནང་བའི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་འགན་འཁྲི་འཁུར་སེམས་དང་། ལས་དོན་ཚང་མ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱེད་པའི་ལག་ལེན་བསྟར་ཤུགས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་བྱེད་པ། གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འགོ་བརྟན་པོ་འཛུགས་པ་དང་འགོ་ཡག་པོ་འཛུགས་ཐུབ་པར་བྱས་ཐོག ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ལེགས་འགྲུབ་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཡང་ཞིབ་འཇུག་གནང་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-07 6 6 拉萨日报藏文 c197552.html 1 /enpproperty-->