(པར་ངོས་དང་པོར་མཐུད)ཞབས་ཞུ་ལེགས་སུ་བཏང་ནས་མང་ཚོགས་སྤྲོ་སྣང་དང་ཞི་མཐུན་ངང་དུས་ཆེན་གཏོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལི་ཝུན་ཀེ་དང་།ཞུས་ཀྲི་ཐའོ།ཡུས་ཡུན་ཀུའེ་བཅས་ལྷན་དུ་ཕེབས་ཡོད།
ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ། ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་།མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།སྲིད་གཞུང་།སྲིད་གྲོས་བཅས་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་དགོན་པ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་།སྤྱི་བདེ་ཉེན་རྟོག་པ།མེ་ཟོན་རོགས་སྐྱོབ་མི་སྣ།ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་བཟང་པོ་ཞུས་པར་མ་ཟད།ཡུལ་དངོས་སུ་དགོན་སྡེ་དོ་དམ་ལ་གསར་གཏོད་དང་ཤུགས་སྣོན་རྒྱག་པ་དང་།རིག་དངོས་སྲུང་སྐྱོང་།མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།ཁོང་གིས་2024ལོ་ནི་རང་ལྗོངས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཞིང་།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་།དོན་ཆེན་བཞིར་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱེད་པ།འཛུགས་གཏོད་བཞིར་སྐུལ་འདེད་ཏན་ཏིག་གཏོང་བ།ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་མུ་མཐུད་ཞི་མཐུན་བརྟན་ལྷིང་དང་།དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་ཀྱི་བཀག་རྒྱ་རྒྱུན་ཆད་མེད་པར་བརྟན་གཏོང་།མཐའ་དར་དམངས་ཕྱུག་དང་མཐའ་མཚམས་བརྟན་ལྷིང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་མུ་མཐུད་ཆེ་རུ་ཕྱིན་ཡོད།གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་ལ།ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་བརྩོན་ཧུར་ཐག་བྱས་པའི་འབྲས་བུའང་ཡིན།2025ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས།སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་ཞིག་ཡིན།དེར་བརྟེན་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་པ།བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ།ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ།འདུ་ཤེས་གསུམ་གྱི་སློབ་གསོ་རྒྱ་ཁྱབ་ངང་གཏིང་ཟབ་ཏུ་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་བཅས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་།ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ།མེ་ཟོན་བདེ་འཇགས་ཀྱི་ནུས་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་ཀྱིས་ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།
ལིའུ་ཅང་གནམ་གཤིས་ཅུས་ཀྱི་ཞིང་ཟོག་ཁྲོམ་ར་དང་བར་སྐོར་ཚོང་གྲོང་དུ་ཕེབས་ནས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད།ཚོང་གཉེར་དུད་ཚང་དང་ཁྲོམ་རའི་འགན་འཁུར་བ་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་རེད།ཁོང་གིས་ཞབས་ཞུའི་བྱ་ཐབས་ལེགས་སུ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ་ཚོང་དུད་ལ་ཚོང་གཉེར་གྱི་ཆ་རྐྱེན་བཟང་པོ་གཏོད་དགོས།བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ལེགས་པར་བསྐངས་ཏེ་ཟ་མ་སྤྱོད་སྐབས་བློ་བདེ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社