分享按钮

(པར་ངོས་དང་པོར་མཐུད)སྤྱི་བདེ་ཉེན་རྟོག་པ། མེ་ཟོན་བཀོད་འཐབ་པ། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་ཞིང་། ཁོང་ཚོར་རེ་རེ་བཞིན་ཕྱག་བཏང་བ་དང་མཇལ་དར་བསྒྲོན་པར་མ་ཟད། དུས་ཆེན་རིང་གི་ལས་རེས་གྲ་སྒྲིག་དང་མེ་ཟོན་བདེ་འཇགས། ཞབས་ཞུ་དོ་དམ་སོགས་ཀྱི་གནས་ཚུལ་ཐད་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་བོད་ཀྱི་ལོ་གསར་ནི་ཁྱིམ་ཚང་མཉམ་འཛོམས་དང་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་པ་ཚུར་ལ་བསུ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན། མང་ཚོགས་ཀྱིས་དུས་ཆེན་དགའ་གཏོང་བྱེད་པར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པའི་བསམ་བློ་བརྟན་པོར་བཙུགས་ནས་བྱ་བ་ཁག་ནན་པོ་དང་ལེགས་པར་བསྒྲུབས་ཏེ་བདེ་འཇགས་དང་། འཆམ་མཐུན། བརྟན་ལྷིང་བཅས་ལྡན་པའི་དུས་ཆེན་གྱི་རྣམ་པ་དང་སྤྱི་ཚོགས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། དུས་དང་རྣམ་པ་ཀུན་ཏུ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་ཕྱོགས་ཁག་གི་འགན་འཁྲི་དམ་ཟབ་དང་ནན་དཀྲི་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་གནད་དོན་སྣ་ཚོགས་ལ་ཞིབ་བཤེར་དང་བཅོས་སྐྱོང་གཏིང་ཟབ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། དོ་དམ་དང་ཞབས་ཞུའི་ནུས་པ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལ་དམིགས་ནས་ཞབས་ཞུའི་འབྲེལ་ཟམ་མི་ཆད་པར་བྱས་ཏེ་རྒྱ་སྐྱེད་གཏོང་བ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་སྒྲིག་ལམ་སྲུང་སྐྱོང་དང་། མང་ཚོགས་ལ་ཁྲིད་སྟོན་དང་སྣེ་ཁྲིད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། གནད་འཁེལ་ཅན་དང་། ཞིབ་ཕྲ་ཅན། སྤུས་ལེགས་ཅན་བཅས་ཀྱི་བླང་བྱ་གཞིར་བཟུང་ནས་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་པའི་འཚོ་བར་བཅངས་པའི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཞེས་གསུངས་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-02 6 6 拉萨日报藏文 c197195.html 1 /enpproperty-->