(པར་ངོས་དང་པོར་མཐུད)མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དམིགས་བསལ་གྱི་ལོ་འདིར་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་གྲོས་རིམ་གལ་ཆེན་རབ་དང་རིམ་པ་འཕྲད་རྒྱུ་རེད། ཕྱོགས་གཉིས་པོའི་རིམ་པ་ཁག་གིས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ང་དང་སྲིད་འཛིན་ཕུའུ་ཅིང་དབར་བཞག་པའི་ཐུན་མོང་གི་ངོས་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འགྱུར་མེད་ཀྱི་མཛའ་གྲོགས་དང་། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་ཇུས་མཉམ་ལས་དང་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རོགས་རམ་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཧྲའོ་དབྱི་ཀུའུ་ཡིས་སྲིད་འཛིན་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་ནས་སྲིད་འཛིན་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད་པས་ཕྱོགས་གསུམ་པ་གང་རུང་ཞིག་ལའང་དམིགས་ཀྱི་མེད། ཨུ་རུ་སུ་དང་ཀྲུང་གོའི་མཉམ་སྡེབ་ཀྱིས་འཛམ་གླིང་ཐོག་ནུས་པ་གལ་ཆེན་བཏོན་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མིག་དཔེ་བཏོད་ཡོད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་འདྲ་མཉམ་ངང་གླེང་མོལ་བྱས་པས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཏན་ཏིག་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བས་ཨུ་རུ་སུ་ཕྱོགས་ཀྱིས་དེར་བསྔགས་བརྗོད་ཟབ་མོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་མཇལ་འཕྲད་ནང་ཞུཊ་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社