ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་24ཉིན་གྱི་ཕྱི་དྲོ། 2025ལོའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་ཁ་གཏད་འབྲེལ་གཏུག་ཚན་པས་ལས་དོན་འབྲེལ་གཏུག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་བསམ་འཆར་དང་གྲོས་འགོ་བསྡུ་ལེན་དང་ཕན་ཚུན་སྤེལ་རེས་སོགས་ཀྱི་བྱ་ཐབས་བརྒྱུད་ནས་འབྲེལ་གཏུག་ཐད་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་འགན་འཁུར་བས་2024ལོར་ལས་དོན་སྤེལ་ཚུལ་དང་། 2025ལོའི་གཙོ་གནད་ལས་དོན་བརྡ་ཁྱབ་བཏང་ཞིང་། གྲོང་ཁྱེར་སྲིད་གཞུང་གི་ཁ་གཏད་འབྲེལ་གཏུག་ཚན་པའི་འཐུས་མིས་ཚོགས་འདུའི་གཙོ་དོན་ལ་དམིགས་ནས་རང་ཉིད་ཀྱི་ལས་ཁུངས་དང་རང་སྡེ་ཚན་གྱི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཚེ་རིང་དོན་གྲུབ་ཀྱིས་མིག་སྔར་འཕྲད་པའི་དཔལ་འབྱོར་གྱི་གནས་བབ་ལ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་རྗེས། གོ་རིམ་རྗེས་མའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ལས་དོན་ཁག་སྔར་བས་ལེགས་སུ་གཏོང་རྒྱུའི་ཐད་བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། གཉིས་ནི་གཙོ་གནད་ལས་དོན་ལ་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ། གསུམ་ནི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱ་རྒྱུ་བཅས་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社