分享按钮

ཚན་པ་མང་པོ་ཞིག་གིས་མཉམ་འབྲེལ་ཐོག་ དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པ་དང་སྦྲགས་དིང་རི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་བདེ་སྐྱིད་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་དྲ་སྦྲེལ་མཐུན་ཚོགས་ཀྱིས་ཀྲུང་གོ་དྲ་སྦྲེལ་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་ལས་རིགས་མཐུན་ཚོགས་སོགས་ཚན་པ་དང་མཉམ་འབྲེལ་གང་ལེགས་བྱས་ཏེ་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་ཆ་ལེགས་གྲོང་ཚོ་དང་། རོང་ཤར་ཤང་ཚམ་མོ་ཆེན་གྲོང་ཚོ་དང་བྲིན་ཐང་གྲོང་ཚོ་བཅས་སུ་བསྐྱོད་དེ་སྤྱི་ཕན་བྱེད་སྒོ་གཙོ་དོན་དུ་བྱས་པའི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་སྤྱི་ཕན་བྱེད་སྒོའི་རྣམ་གྲངས་ཁྲོད་ཀྱི་2025ལོའི་བྱ་སྤྱོད་སྤེལ་ཐེངས་དང་པོ་དེ་ཡིན་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁྱོན་བསྡོམས་སྲིང་བལ་གྱི་ཉལ་ཆས་170དང་། སྟོད་ཐུང་རིང་པོ་100 དགུན་ཁའི་གྱོན་ཆས་1380དང་དེ་བཞིན་འཚོ་བའི་མཁོ་ཆས་བསྐྱལ་བ་རེད། དངོས་ཟོག་སྤྲོད་ཡུལ་དུ་འབྲེལ་ཡོད་འགན་འཁུར་བ་དང་ཚོགས་པའི་ཁོངས་མིས་གནོད་འཚེ་ཕོག་པའི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཁོང་ཚོའི་མིག་སྔའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ཁོང་ཚོའི་ཡིད་ཆེས་བརྟན་པོ་ཡོང་བར་སྐུལ་ལྕག་ཀྱང་གནང་ནས་ཏང་དང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་དགོས་པའི་སྐུལ་མ་ཡང་གནང་བ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197229.html 1 ཚན་པ་མང་པོ་ཞིག་གིས་མཉམ་འབྲེལ་ཐོག་ དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ། /enpproperty-->