分享按钮

གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས(རྒྱ་ཆེ)ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་24ཉིན་གྱི་སྔ་དྲོ།གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས(རྒྱ་ཆེ)ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་མང་ཚོགས་དང་ཚོགས་པའི་རྩ་འཛུགས་ཀྱི་ལས་ཀའི་སྙན་ཞུར་གསན་རྗེས་ཀྱི་མཛུབ་སྟོན་གྱི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས(རྒྱ་ཆེ)ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་། 2024ལོའི་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོཊ་ཀྱི་གྲོན་དངུལ་ཞིབ་བཤེར་ལས་དོན་གྱི་གནས་ཚུལ་དང་2025ལོའི་ལས་དོན་བཀོད་སྒྲིག་སྙན་ཞུ། འབྲེལ་ཡོད་མི་དོན་དོན་ཚན་གྱི་དམངས་གཙོའི་གོ་རིམ་ལག་བསྟར་བྱ་རྒྱུ་བཅས་ལ་གྲོས་བསྡུར་བྱས་པ་རེད།

ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་ནང་གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོགས་རིམ་པ་ཁག་གིས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་559དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་3353དམིགས་ཚད་ཀྱི་བླང་བྱར་དམིགས་ཏེ་དམ་པ་དོན་གཉེར་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པའི་ནན་སྟོན་བྱས་པ་རེད།

ཚོགས་འདུའི་ཐོག་ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས་2025ལོའི་བཟོ་ཚོགས་ལས་དོན་གྱི་འཆར་འགོད་ཡག་པོ་བྱས་ཏེ་ལྷ་སའི་བཟོ་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197228.html 1 གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས(རྒྱ་ཆེ)ཚོགས་འདུ་ཐེངས་གསུམ་པ་འཚོགས་པ། /enpproperty-->