ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་དུས་ཆེན་གྱི་རྣམ་པ་ཟབ་མོ་བསྐྲུན་ཆེད།ཟླ་2ཚེས་21ཉིན་གྱི་ཕྱི་དྲོ།རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ལས་ཁུངས་ཏང་ཨུད་དང་།བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཏང་ཀྲི་པུའུ།ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ལས་ཁུངས་ཏང་ཀྲི་པུའུ་བཅས་ཀྱིས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་འབྲེལ་བྱས་ཏེ་རྣམ་པ་ཡོངས་རྫོགས་གསར་སྒྱུར་བྱས་ཏེ་ཐོག་མའི་བསམ་འདུན་སྲུང་།ལས་རིགས་གཅིག་པའི་ཚན་རིག་ཁྱབ་སྤེལ་གྱི་འགན་འཁྲི་ཕྲག་ཏུ་འཁུར་ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ངོ་མཚར་ཆེ་བའི་མི་རིགས་ཞབས་བྲོ་དང་སྙན་འཇེབས་ལྡན་པའི་ཁེར་གཞས་རེས་མོས་ངང་འཁྲབ་སྟོན་བྱས་པ་དེས་ཚང་མས་ཏང་ལ་དགའ་ཞེན་བྱེད་པ་དང་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུས་པ་གང་ལེགས་མཚོན་པར་མ་ཟད།ཏང་ཡོན་ཚོའི་སྐྱེ་སྟོབས་དང་ཧུར་བརྩོན་ཡར་རྒྱས་ཀྱི་བསམ་པའི་ཉམས་འགྱུར་དེ་བས་མངོན་ཡོད།
དེ་རྗེས་ཀྱི་མཉམ་འགུལ་རོལ་རྩེད་ཀྱི་ལྷུ་ཚིགས་ཁྲོད།ཏང་ཡོན་ཚོས་མིང་ཐོ་འགོད་པ་དང་དེའི་ནང་ཧུར་ཐག་ཞུགས་ཡོད།ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྲོ་སེམས་རབ་ཏུ་འཁོལ་བ་དང་བློ་སྟོབས་ཆེར་སྐྱེད་ཀྱི་སྙིང་སྟོབས་ཐོག་ནས་ལོ་གསར་པའི་ལས་ཀའི་ནང་ཞུགས་ནས་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ལས་ཁུངས་ཏང་ཀྲི་པུའི་ཧྲུའུ་ཅི་ཧན་ཆིང་གིས་ང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་སྤེལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་གི་ཡོད།དེ་རིང་ལྗོངས་དང་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་དང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གིས་ཐུན་མོང་ཐོག་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་དང་།དེའི་དམིགས་ཡུལ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད་ཡིན།ད་ཐེངས་ཀྱི་ཏང་འཛུགས་སྐྱོང་གི་བྱེད་སྒོ་དེ་རིགས་བརྒྱུད་ནས་འབྲེལ་གཏུག་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་དང་ཚོགས་པའི་སྙིང་སྟོབས་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་གྱི་བྱ་གཞག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社