(པར་ངོས་དང་པོར་མཐུད)ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་།ས་ཞིང་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།གདུབ་ཟུམ་དོ་དམ་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ།ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་དང་ཆད་གཅོད་བྱེད་པ་བཅས་ཀྱི་ཟིལ་ཤུགས་ཆགས་པར་བྱེད་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། རིག་གནས་ཡུལ་སྐོར་ཐོན་ལས་ནི་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་གཙོ་བོ་ཡིན་པ་དང་གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་ལས་ཀའི་གྲས་ཤིག་ཀྱང་ཡིན།འཆར་འགོད་ཆེན་པོ་བྱེད་དགོས་ཤིང་།འཆར་འགོད་ཀྱི་སྣེ་ཁྲིད་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འཛམ་གླིང་རིམ་པའི་ཆེད་ལས་ཚོགས་པ་གདན་འདྲེན་ཞུས་ནས་ཡུལ་ཁོངས་ཡུལ་སྐོར་གྱི་སྤྱིའི་འཆར་འགོད་ཡག་པོ་བྱས་ཏེ་འཆར་འགོད་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྣེ་ཁྲིད་བྱས་ནས་རྣམ་པ་གསར་པ་གཏོད་དགོས། རྣམ་གྲངས་དངོས་ལག་ལེན་བསྟར་དགོས་ཤིང་།2025ལོར་ལག་ལེན་བསྟར་རྩིས་ཡོད་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གང་མགྱོགས་ལག་བསྟར་བྱས་ཏེ་རྣམ་གྲངས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྔ་ཙམ་ཕན་འབྲས་ཐོན་རྒྱུའི་བརྩོན་ལེན་བྱེད་དགོས། གསར་དུ་རྒྱ་བསྐྱེད་གཏོང་དགོས་ཤིང་། རིག་གནས་ཡུལ་སྐོར་སོགས་སྡེ་ཁག་གི་ཕྱི་ཕྱོགས་ལ་སྐྱོད་པ་དང་ནང་དུ་གདན་འདྲེན་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕུལ་བྱུང་ཉམས་མྱོང་དཔྱད་གཞིར་འཛིན་པ། འཆར་འགོད་བཀོད་སྒྲིག་གི་རྣམ་འགྱུར་ཡང་དག་འཛིན་པ། ཐོན་ཁུངས་བསྡུ་སྒྲིལ་དང་སྲིད་ཇུས་ནང་འདྲེན་བྱེད་པ། དམ་པ་དོན་གཉེར་བཅས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁ་ཕྱོགས་གསར་པ་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱེད་དགོས།
ཚོཊ་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་ཀྱང་གནང་བ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社