分享按钮

གྲགས་ཅན་མི་སྣ་མཉམ་འཛོམས་ཀྱིས་དུས་ཆེན་བསུ་བ།

(པར་ངོས་དང་པོར་མཐུད)ང་ནི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་གར་སྟེགས་ཐོག་རང་ཉིད་ཀྱི་ནུས་པ་ངོམས་སྟོན་བྱེད་ཐེངས་དང་པོ་ཡིན་པས། ཚང་མས་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ངའི་གླུ་གཞས་གསར་པ《ཧི་མ་ལ་ཡའི་གཅེས་ཕྲུག》ཅེས་པར་ཉན་པ་དང་སྦྲགས་ད་ལོ་བྱ་བ་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་ཞེས་བཤད།

རེ་སྒུག་གིས་ཁེངས་པའི་ལྟད་མོ་བའི་ངོས་ནས་བརྗོད་ན། ད་ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱིས་ཁོང་ཚོར་དྲོ་སྐྱིད་སྦྱིན་རྒྱུ་ཡིན་པར་མ་ཟད། སྐབས་འདིའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཐོག་ཆེད་མངགས་བོད་ཀྱི་ས་ཁུལ(གྲོང་ཁྱེར)བདུན་ནས་ཡོང་བའི་སྐད་གྲགས་ཡོད་པའི་གླུ་པ་གདན་དྲངས་པའི་ནང་གངས་རིའི་ནང་མ་ཞེས་པའི་ཚོགས་པ་དང་། སྭོ་ཡཱ་ལ་ཚོགས་པ། ཨེ་པ་མཉམ་གཞས་ཚོགས་པ་སོགས་ཚུད་ཡོད། ཁོང་ཚོས་ཚང་མར《ལྷ་སའི་གླུ་གཞས》དང་། 《གནའ་དེང་གི་འཛོམས་གཞས》 《ལྷ་སར་ལྷན་འཛོམས》སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། གླུ་གར་གྱི་ཐོག་ནས་ཁོང་ཡངས་སྒོ་དབྱེ་དང་གསོན་ཤུགས་ཀྱིས་ཁེངས་པའི་ལྷ་སའི་རྣམ་པ་གསར་པ་མངོན་པར་བྱས་ཏེ་ལྗོངས་ཕྱི་ནང་གི་ལྟད་མོ་བས་ལྷ་སར་ཤེས་རྟོགས་ཐུབ་པ་དང་། ལྷ་སར་ཡོང་འདོད་བྱེད་པ། ལྷ་སར་དགའ་པོ་བྱེད་པ་བཅས་བྱས་ཡོད།

ཉིང་ཁྲིའི་གཞས་པ་དབང་འདུས་ཕུན་ཚོགས་ཀྱིས་གསར་འགོད་པར་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ངས་གྲ་སྒྲིག་བྱས་པའི་གླུ་གཞས་ནི་ལང་ཚོའི་གླུ་གཞས《ཕུགས་འདུན་མ་དོར》ཞེས་པ་དེ་ཡིན། གླུ་གཞས་དེ་བརྒྱུད་ནས་གཞོན་ནུ་དེ་བས་མང་བས་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་དང་མངོན་འགྱུར་ཐུབ་པར་བྱ་རྒྱུའི་རེ་བ་བཅངས་ཡོད། མ་ཟད་ད་ལོའི་མཚན་ཚོགས་ལྟད་མོ་ཆེན་པོ་འདུག འཁྲབ་ཁྲིད་ཚོགས་ཆུང་དང་རྒྱབ་ཕྱོགས་ཀྱི་ལས་དོན་མི་སྣ་ཚང་མ་ཆེད་ལས་པ་ཤ་སྟག་རེད་འདུག ཚོགས་པ་དེ་ལྟ་བུ་དང་མཉམ་ལས་བྱ་རྒྱུ་བྱུང་བ་ནི་གཟི་བརྗིད་ལྡན་པ་ཞིག་རེད། ཕྱིས་འབྱུང་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་འཁྲབ་སྟོན་ལ་ཞུགས་རྒྱུའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།

གཞན་ཡང་། གཙོ་སྐྱོང་བའི་དཔུང་ཁག་ཐད་སྐབས་འདིའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྤྱི་ཁྱབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་ལོ་ན་ཆུང་ཤོས་ཀྱི་གཙོ་སྐྱོང་བ་སྲི་ཐར་ནོར་བུ་ཡོད་པར་མ་ཟད། ད་དུང་པེ་ཅིང་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བ་ལི་ཕུང་དང་། ཅང་སུའུ་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བ་ཀྲའོ་པོ་ཡོན། མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བ་ཚེ་རིང་ལྷ་མོ། ཁམས་པའི་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བ་ཤེས་རབ་རྣམ་རྒྱལ་བཅས་དང་དེ་བཞིན་སྐབས་མང་པོའི་ལྷ་སའི་བོད་ཀྱི་མཚན་ཚོགས་ཀྱི་གཙོ་སྐྱོང་ནང་ཞུགས་མྱོང་བའི་གཙོ་སྐྱོང་བ་ཕུར་སྒྲོན་དང་། བཀྲ་ཤིས་སྒྲོལ་མ། སུང་ཁྲུན་རུང་། ཡེ་ཤེས་བཅས་ཀྱིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གཙོ་སྐྱོང་བའི་ཉམས་འགྱུར་ལ་བརྟེན་ནས་ལྟད་མོ་བར་བརྗེད་པར་དཀའ་བའི་ལོ་གསར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་སྟོན་བྱ་རྒྱུ་ཡིན་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197225.html 1 གྲགས་ཅན་མི་སྣ་མཉམ་འཛོམས་ཀྱིས་དུས་ཆེན་བསུ་བ། /enpproperty-->