分享按钮

རང་གྲོང་གིས་2025ལོའི་བོད་ཀྱི་ལོ་གསར་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་ཐོན་སྐྱེད་བདེ་འཇགས་ཀྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་24ཉིན། 2025ལོའི་བོད་ཀྱི་ལོ་གསར་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་ཐོན་སྐྱེད་བདེ་འཇགས་ཀྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་ལྷ་སར་འཚོཊ་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་ཚོཊ་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་གཏོང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། 《རང་བྱུང་གནོད་འཚེ་འགོག་ཟོན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོ》 དེ་བཞིན་ཟླ་2ཚེས་14ཉིན་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐོན་སྐྱེད་བདེ་འཇགས་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སྐོར་གྱི་བཀོད་སྒྲིག་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་སྦྲགས། ཉེ་དུས་ཀྱི་གཙོ་གནད་ལས་དོན་ཐད་གྲོས་འགོ་བཏོན་ནས་ཁྲེང་ཀོན་ཆུས་དང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཉེ་དུས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་སྤེལ་ཚུལ་ཐད་གཏམ་བཤད་སྤེལ་བ་རེད།

དགྲ་འདུལ་གྱིས་ད་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་པ་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་མཇུག་བསྡུའི་ལོའང་ཡིན་ལ། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པ་སོགས་ཀྱི་མཚམས་ཚིགས་གལ་ཆེན་ཞིག་བཅས་ཡིན་པས་ཐོན་སྐྱེད་བདེ་འཇགས་ཐད་འཕར་སྣོན་གསུམ་དང་མཐོ་རླབས་གསུམ་གྱི་རང་བྱུང་གི་གནོད་འཚེ་འཕྲད་ནས་ཉེན་ཁ་ཆེན་པོ་ཡོད་པས། རིམ་ཁག་ཚན་ཁག་གིས་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

དགྲ་འདུལ་གྱིས་གྲལ་བཤེར་བཅོས་སྒྲིག་མངོན་གསལ་དོད་དུ་གཏོང་བ་དང་། གཙོ་གནད་ཁུལ་གྱི་ཁྱབ་ཁོངས་ལ་དམིགས་ནས་དོ་དམ་གསུམ་དང་ངེས་པར་དུ་བྱེད་དགོས་པ་གསུམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཐོག་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྡོ་སོལ་མིན་པའི་གཏེར་རིའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་མཐོང་ཆེན་དང་། འགན་འཁྲི་དོན་འཁྱོལ། ཅན་ལྔའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་གོ་རིམ་ལྡན་པའི་ངང་འགན་ལེན་བྱས་ནས་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཚན་པའི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་བྱེད་དགོས་པ་དང་། མངོན་མེད་རྐྱེན་ངན་བཅོས་སྒྲིག དངོས་ཟོག་གྲབས་གསོག་ལ་ཤུགས་སྣོན། རོགས་སྐྱོབ་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། འཕྲལ་སྡོམ་ལས་རེས་དང་ལས་རེས་ཡག་པོ་བྱས་ཏེ་རང་བྱུང་གནོད་འཚེ་དང་ཐོན་སྐྱེད་བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་བྱས་ནས་བོད་ཀྱི་ལོ་གསར་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197222.html 1 རང་གྲོང་གིས་2025ལོའི་བོད་ཀྱི་ལོ་གསར་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་ཐོན་སྐྱེད་བདེ་འཇགས་ཀྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ། /enpproperty-->