分享按钮

གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་2ཚེས་24ཉིན། གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་ཤིང་།རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་ཐད་ཀྱི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལས་དོན་ལ་ཕྱོགས་སྡོམ་དང་ལས་འགན་བཀོད་སྒྲིག་བྱས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཞུགས་པ་རེད།

ཀྲང་ཏིང་ཁྲེང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ།དོན་ཆེན་བཞིར་དམིགས་པ།འཛུགས་གཏོད་བཞིར་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། གདོང་དམག་བདུན་གྱི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་པ།རྩ་དོན་ལྔ་མཐའ་འཁྱོངས་དང་།འཐབ་ཇུས་ཆེན་པོ་བཞི་ལག་བསྟར།བྱ་སྤྱོད་ཆེན་པོ་བརྒྱད་ལ་སྐུལ་འདེད་བཅས་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་།ལས་བྱེད་པ་དང་།རྩ་འཛུགས།སྒྲིག་ཁོངས།བོད་སྐྱོར།ཤེས་ལྡན་པ།ཏང་ཡོན། དེ་བཞིན་རང་ངོས་འཛུགས་སྐྲུན་བཅས་མཐུན་སྦྱོར་སྐུལ་འདེད་གཏོང་བའི་1+6+1གི་ལས་ཀའི་རྣམ་པ་ཁྱོན་ཡོངས་ནས་གཏོད་པ་དང་།སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཀྲང་ཏིང་ཁྲེང་གིས་སེམས་པ་གཅིག་སྒྲིལ་གྱིས་བླ་སྲོག་བསྐྲུན་རྒྱུ་མངོན་གསལ་དོད་དུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བསམ་བློ་དང་སེམས་དབུས་སུ་འཇགས་རྒྱུར་སྐུལ་འདེད་གཏོང་དགོས།ཀུན་སྤྱོད་བཟང་ལ་འཇོན་ཐང་ཅན་འདེམས་བསྐོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།སྟོབས་ཤུགས་གཅིག་སྒྲིལ་གྱིས་རྨང་གཞི་སྲ་བརྟན་དུ་བཏང་ནས་ལག་བསྟར་ནུས་ལྡན་གྱི་དམག་འཐབ་ཀྱི་བཙན་རྫོང་ཁྱོན་ཡོངས་ནས་སྟོབས་ཆེར་གཏོང་དགོས།ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།དོ་དམ་ཞིབ་ཚགས་ལ་དམ་འཛིན་ནན་པོ་བྱས་ཏེ་ཁ་གཏད་བོད་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཤེས་ལྡན་པའི་ནུས་པ་སྐུལ་སློང་བྱས་ནས་གསར་གཏོད་འཕེལ་རྒྱས་ཀྱི་ཤེས་ཡོན་གྱི་འདེགས་སྐྱོར་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས།སློབ་གསོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197221.html 1 གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ། /enpproperty-->