分享按钮

ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

(པར་ངོས་དང་པོར་མཐུད)

ཕུའུ་ཅིང་གིས་ཨུ་རུ་སུ་དང་ཨ་རི་དབར་འབྲེལ་གཏུག་བྱས་པའི་གནས་ཚུལ་གསར་ཤོས་དང་ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་འཛིན་པའི་རྩ་དོན་དང་ལངས་ཕྱོགས་ངོ་སྤྲོད་བྱས་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་གི་འབྱུང་རྩ་མེད་པར་བཟོ་རྒྱུ་དང་། རྒྱུན་མཐུད་ཐུབ་པ་དང་ཡུན་རིང་ཞི་བདེའི་ཇུས་གཞི་ཞིག་འཇོག་ཐུབ་རྒྱུའི་ཆེད་འབད་བརྩོན་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཉམས་ཉེན་ཁྱོན་ཡོངས་ནས་རིམ་སྤོར་ཕྱིན་པའི་ཐོག་མའི་དུས་ནས་ངས་ཉམས་ཉེན་ཐག་གཅོད་བྱེད་དགོས་པ་བཞི་སོགས་ཀྱི་གཞི་རྩའི་འདོད་ཚུལ་བཏོན་ཡོད། ན་ནིང་གི་ཟླ་9པར།ཀྲུང་གོས་པར་ཙིར་དང་ལྷན་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ཅིག་དང་མཉམ་དུ་ཡུག་རེན་ཉམས་ཉེན་གྱི་ཞི་བདེའི་མཛའ་གྲོགས་ཚོགས་ཆུང་བཙུགས་ཏེ། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཁོར་ཡུག་དང་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཉམས་ཉེན་སེལ་ཆེད་འབད་བརྩོན་ཧུར་ཐག་བྱེད་པ་མཐོང་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།

ཕྱོགས་གཉིས་པོས་མུ་མཐུད་བྱ་ཐབས་སྣ་ཚོགས་བརྒྱུད་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱ་རྒྱུར་མོས་མཐུན་གནང་ཡོད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197220.html 1 ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། /enpproperty-->