分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ། རྒྱུག་མཐུད་དབྱུག་པ་དམ་པོར་འཛིན་པ་དང་། རྒྱུག་མཐུད་བང་རྩལ་འགྲན་བསྡུར་ལེགས་པོ་སྤེལ་ནས་ཐོག་མཐའ་བར་གསུམ་དུ་འགན་འཁུར་ཕོད་པ་དང་འགན་འཁུར་མཁས་པར་བྱས་ཏེ་བློ་ཁོག་ཆེན་པོས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་། ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་ཀྱི་དགོངས་དོན་ཁག་དོན་འཁྱོལ་བྱས་ཏེ་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་ཞབས་ཞུའི་འགན་སྲུང་ལས་དོན་གནད་ལ་འཁེལ་ཞིང་ཞིབ་ཅིང་ཕྲ་བའི་སྒོ་ནས་ལེགས་པར་བསྒྲུབས་ཏེ་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ་ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་ཐུགས་ཁུར། འཚོ་བའི་ཐད་ལྟ་སྐྱོང་། བསམ་པའི་ཐད་ཐུགས་ཁུར་བཅས་བྱས་ཏེ་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་བློ་བདེ་བ་དང་སྣང་བ་སྐྱིད་པ་སོགས་ཐུབ་པར་བྱེད་དགོས། དུས་མཚུངས་སུ། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ཀྱིས་ལུས་པོར་བདག་སྐྱོང་ཡག་པོ་དང་། རྒན་ཡོལ་ཞུས་པའི་འཚོ་བ་ཡག་པོ་བསྐྱལ་ཏེ་ཉམས་མྱོང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྔར་རྒྱུན་ལྟར་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་འཐུས་ཚོགས་ཀྱི་བྱ་གཞག་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་ཐབས་ཇུས་དང་ཕན་ནུས་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

མཇུག་ཏུ། ཧོ་ཕུང་དང་ཀྲེང་ཝུའེ་གོ་ཡིས་ཚོགས་འདུར་ཞུགས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲིའི་དངུལ་དང་འཚམས་འདྲིའི་དངོས་པོ་སྤྲད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197219.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->