分享按钮

(པར་ངོས་དང་པོར་མཐུད)རིམ་ཁག་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་གཙོ་བོའི་འགན་འཁྲི་ལེགས་པར་བསྒྲུབ་དགོས་པ་དང་། སྐུ་ངོ་མས་དམ་འཛིན་བྱེད་པ། སྤྱི་ཡོངས་ཀྱི་འགན་འཁྲི་འཁུར་དགོས། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་གྱིས་མངའ་ཁོངས་ཀྱི་འགན་འཁྲི་ལེགས་པར་བསྒྲུབ་དགོས། རིམ་པ་བཞིན་དམ་འཛིན་དང་རིམ་པ་བཞིན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་གྱི་ལམ་སྲོལ་བཟང་པོ་ཆགས་ནས་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུར་དོན་འཁྱོལ་དམ་འཛིན་བྱེད་དགོས། བརྟན་ལྷིང་ལྟ་སྐུལ་མཛུབ་སྟོན་ཚོགས་ཆུང་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་བཅོས་སྒྲིག་བྱེད་པའི་ཕྱི་ཚུལ་རིང་ལུགས་ཀྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་དང་། ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བའི་ལས་དོན་དོན་འཁྱོལ་དམ་འཛིན་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་གསུངས་གནང་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197218.html 1 /enpproperty-->