ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་24ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་54པ་གཙོ་སྐྱོང་གནང་ནས་འཚོགས་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་བར་མཐོངས་ཀྱི་སྤྱིའི་འཆར་འགོད(2021ལོ་ནས་2035ལོ་བར)》སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ལག་ཡོད་ཀྱི་ཁྲིམས་འགལ་ས་ཆ་སྤྱོད་པའི་གནད་དོན་བཅོས་སྒྲིག་དང་། མཉམ་སྡེབ་ནགས་ཚལ་དབང་ཆའི་ལམ་ལུགས་སྒྱུར་བཅོས།Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མཐོར་འདེགས་དང་གསར་གཏོད་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་པ་རེད།
ཚོཊ་འདུའི་ཐོག་ནན་གསུངས་གནང་དོན།
རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་ནི་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ལ་ཁྱོན་ཡོངས་བཀོད་སྒྲིག་བྱས་པ་ཞིག་དང་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ལ་སྲུང་སྐྱོང་དང་། གསར་སྤེལ། བེད་སྤྱོད། ཉམས་གསོ་བཅས་ཀྱི་སྲིད་ཇུས་དང་སྤྱིའི་རྩ་འཛིན་ཞིག་ཡིན། སེམས་ནང་གསལ་པོར་ཤེས་དགོས་པ་སྟེ། གླིང་ཁུལ་དང་།ཆུས།རྫོང་། ཨུ་ཡོན་ལྷན་ཁང་། གཞུང་དོན་ཁང་། ཅུས་བཅས་ཁག་དང་ལྷག་པར་དུ་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་ནས་རྩ་འཛིན་ལ་སློབ་སྦྱོང་བྱེད་པ་དང་། རྩ་འཛིན་ལྟར་བྱ་བ་བསྒྲུབས་ཏེ་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པ་དང་། མ་ལག་ཆ་ཚང་དུ་གཏོང་དགོས་པ་སྟེ། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་འབྲེལ་ཡོད་ཆེད་དོན་འཆར་འགོད་ཀྱི་སྤྱི་འདོམས་དོ་དམ་ལམ་ལུཊ་འཛུཊ་པ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་འཆར་འགོད་ལག་བསྟར་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཛུཊ་པ། གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱིས་ཁྲིམས་འགལ་ཐོག་ས་ཆ་སྤྱོད་པའི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་དགོས་པ། ལག་བསྟར་ནན་པོ་བྱེད་དགོས་པ་སྟེ། སྤྱིའི་འཆར་འགོད་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་ནས་མོས་མཐུན་བྱས་པ་ཞིག་ཡིན་ཙང་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པས། ངེས་པར་དུ་ཁྲིམས་ལྟར་དོན་འཁྱོལ་དང་ལག་བསྟར་ནན་པོ་བྱེད་དགོས་པ། ལྟ་སྐུལ་བྱེད་ཤུཊ་ཆེ་རུ་གཏོང་དགོས་པ་སྟེ། འཆར་འགོད་ཀྱི་ལྟ་སྐུལ་དང་། ཁྲིམས་ལུགས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་ཀྱི་མཉམ་འགུལ་ལམ་སྲོལ་འཛུཊ་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འཆར་འགོད་ལ་མཛུབ་ཁྲིད་དང་། ལྟ་སྐུལ། དཔྱད་དཔོག་བཅས་བྱེད་ཤུཊ་ཆེ་རུ་གཏོང་བ། འཆར་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལག་བསྟར་བྱེད་དགོས་པ་བཅས་ཡིན།
ཚོཊ་འདུའི་ཐོག་བསྟན་དོན། ལག་ཡོད་ཀྱི་ས་ཆ་ཁྲིམས་འགལ་ངང་བེད་སྤྱོད་པའི་གནད་དོན་བཅོས་སྒྲིག་གི་ལས་དོན་ལ་དམིགས་ཏེ་བསམ་བློའི་ཐོག་ནས་མཐོང་ཆེན་བྱེད་དགོས་ཤིང་། ཏང་སྲིད་རིམ་པ་ཁག་གི་འགོ་ཁྲིད་གཙོ་བོས་ཆབ་སྲིད་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ལག་ཡོད་ཀྱི་ས་ཆ་ཁྲིམས་འགལ་ངང་བེད་སྤྱོད་པའི་གནད་དོན་ལ་ངེས་པར་དུ་རྩིས་ཐོ་བཀོད་ནས་ལྟ་སྐུལ་བྱེད་པ། ཞིབ་ཐོ་ཅན་དུ་སྐུལ་འདེད་གཏོང་བ། རྣམ་གྲངས་རེ་རེ་བཞིན་བཅོས་སྒྲིག་བྱས་ནས་ཐོ་ནས་བསུབ་དགོས། བྱ་ཐབས་གནད་ལ་འཁེལ་བ་དགོས་ཤིང་། ཆ་འཕྲིན་ཅན་གྱི་ལག་རྩལ་བྱ་ཐབས་ལ་བརྟེན་ནས་འབྱུང་ཁུངས་བཅོས་སྐྱོང་ལ་ཤུཊ་སྣོན་རྒྱག་པ་དང་། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་དང་དྲན་སྐུལ་བྱེད་པ་བཅས་ཀྱིས་འཕར་ཚད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社