分享按钮

ལྷ་ས་གྲོང་ཁྱེར་གྱིས་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་བཀོད་སྒྲིག་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་24ཉིན། ལྷ་ས་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཚོགས་འདུ་འཚོགས་ཏེ་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་བཀོད་སྒྲིག་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་ཁག་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་གི་ལས་དོན་ལ་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཛུབ་སྟོན་དང་བླང་བྱ་གཞིར་བཟུང་སྟེ། ཉེན་བརྡ་རྒྱུན་གཏོང་དང་། རྒྱུན་དུ་དོགས་ཟོན། རང་འགན་གཙང་སྒྲུབ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་། བདེ་འཇགས་ཀྱི་ལས་དོན་ཁག་ལ་འགན་ལེན་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིན་ཡུང་ཚོགས་འདུར་ཞུགས་ཡོད་པ་རེད།

ཀྲའོ་ཧུའེ་ཉན་གྱིས་ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ནི་གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས།རིམ་ཁག་དང་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལེགས་པར་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རྟག་པར་བློ་བཟོད་མི་བདེ་བའི་འགན་འཁྲིའི་འདུ་ཤེས་དང་བྱ་བ་ཚང་མར་གདེང་ཚོད་ཡོད་པའི་བྱ་སྤྱོད་ཀྱི་ནུས་ཤུགས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་དོན་དག་ཆེ་འབྲིང་མི་ཐོན་པ་དང་། དོན་དག་ཆུང་ངུའང་ཐོན་ཉུང་དུ་གཏོང་བའི་མཐའ་ཚད་བརྟན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།

ཀྲའོ་ཧུའེ་ཉན་གྱིས་ལས་དོན་གྱི་འགན་འཁྲི་ཞིབ་ཏུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།

མངོན་མེད་རྐྱེན་ངན་གྱི་གནད་དོན་དེ་དོན་རྐྱེན་དུ་བརྩི་བའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ལས་ཀའི་རྩིས་ཐོ་བཟོ་བ་དང་། ལས་འགན་གྱི་རྩིས་ཐོ་འགོད་པ། ལས་དོན་གྱི་བྱ་ཐབས་ཞིབ་ཕྲ་བཟོ་བ། ལེགས་སྒྲུབ་དུས་ཚད་ཁ་གསལ་བཟོ་བ། དམིཊ་འབེན་རེ་རེ་བཞིན་དབྱེ་འབྱེད་བྱེད་པ། ལས་འགན་རེ་རེ་བཞིན་དོན་འཁྱོལ་བྱེད་པ་བཅས་བྱས་ནས་ལས་དོན་ཁག་དམ་འཛིན་ཏན་ཏིག་ཐུབ་པ་དང་ཕན་འབྲས་ཐོན་པར་བྱེད་དགོས། གནད་དོན་གྱི་ཕྱོཊ་སྟོན་འབུར་དུ་ཐོན་པར་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་གནད་དོན་སྣ་ཚོཊ་ལ་ཞིབ་བཤེར་གཏིང་ཟབ་བྱས་ནས་གནད་དོན་གཞི་རིམ་དང་ཆུང་བའི་དུས་སུ་ཐག་གཅོད་བྱས་ནས་མི་དམངས་མང་ཚོཊ་ལ་སྤྲོ་སྣང་དང་ཞི་མཐུན་ལྡན་པའི་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། འགན་འཁྲི་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། འགན་གཙང་ལེན་མཁན་མཉམ་འབྲེལ་རིམ་ཁག་གི་འགོ་ཁྲིད་ལས་བྱེད་པས་འགན་གཙང་ལེན་གྱི་མཉམ་འབྲེལ་འགན་འཁྲི་ལེཊ་པར་བསྒྲུབ་དགོས་པ་དང་། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197215.html 1 ལྷ་ས་གྲོང་ཁྱེར་གྱིས་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་བཀོད་སྒྲིག་གནང་བ། /enpproperty-->