分享按钮

ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཚེས་24ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་24ཉིན་ཕྱི་དྲོར་ཞལ་ཆད་ལྟར་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ངས་སྐུ་ཞབས་སྲིད་འཛིན་དང་བརྙན་ལམ་ཐོག་ཐུག་འཕྲད་བྱས་ནས་ལོ་ཧྲིལ་པོའི་ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་འཆར་འགོད་དང་སྣེ་ཁྲིད་བྱས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་གིས་ང་ཚོའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད། དེའི་ནང་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཚུད་ཡོད། ཀྲུང་གོ་དང་ཨུ་རུ་སུ་ནི་འགྱུར་བ་མེད་པའི་ཁྱིམ་མཚེས་བཟང་པོ་ཞིག་ཡིན་པ་དང་། སྐྱིད་སྡུག་མཉམ་མྱོང་དང་། ཕན་ཚུན་རྒྱབ་སྐྱོར། ཐུན་མོང་གོང་འཕེལ་བཅས་ཀྱི་གྲོགས་པོ་ངོ་མ་ཞིག་ཡིན་པ་ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་པོར་བསྟན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་འབྲེལ་བར་ནང་གནས་སྒུལ་ཤུཊ་ཆེན་པོ་དང་ཐུན་མིན་གྱི་འཐབ་ཇུས་རིན་ཐང་ལྡན་པས། ཕྱོགས་གསུམ་པར་དམིཊ་པ་ཞིག་མིན་ལ། ཕྱོཊ་གསུམ་པའི་ཤུཊ་རྐྱེན་ཡང་ཐེབས་མི་སྲིད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་དང་ཕྱི་འབྲེལ་སྲིད་ཇུས་ནི་ཡུན་རིང་གོ་ཆོད་པ་ཞིག་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གཏན་འཇཊ་ངང་མདུན་སྐྱོད་བྱས་ཏེ། རང་སོ་སོའི་གོང་འཕེལ་དང་དར་རྒྱས་ལ་རོཊ་རམ་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བར་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྣོན་རྒྱུ་རེད་ཅེས་བསྟན་གནང་ཡོད།

ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ལོ་གསར་པའི་ནང་ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་དང་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་ཐུན་མོང་ཐོག་དྲན་གསོ་ཞུ་རྒྱུ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་ནི་ཨུ་རུ་སུ་ཕྱོགས་ཀྱིས་ཡུན་རིང་ལ་དམིཊ་ནས་སྤེལ་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པ་ལས། སྐབས་བསྟུན་གྱི་བྱེད་ཐབས་ཤིག་གཏན་ནས་མིན་ལ། དུས་སྐབས་རེ་དང་དོན་དག་རེའི་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་། ཕྱི་ཕྱོགས་རྒྱུ་རྐྱེན་གྱི་གནོད་སྐྱོན་ཡང་ཕོག་མི་ཐུབ། མིག་སྔའི་དུས་བབ་འོག ཨུ་རུ་སུ་དང་ཀྲུང་གོས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོཊ་ཟླའི་འབྲེལ་བའི་དགོངས་དོན་དང་མཐུན་པ་མ་ཟད། ཨུ་རུ་སུ་དང་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་བརྟན་ལྷིང་གི་ནུས་པ་འདོན་སྤེལ་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟཊ་ཀྱང་གཏོང་ཐུབ་རྒྱུ་རེད་ཅེས་བསྟན་གནང་ཡོད། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197217.html 1 ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ ཞལ་པར་ཐོག་ནས་བཀའ་མོལ་གནང་བ། /enpproperty-->