分享按钮

2025ལོའི་ལྷ་སའི་བོད་ཀྱི་མཚན་ཚོགས་ཐོག

གྲགས་ཅན་མི་སྣ་མཉམ་འཛོམས་ཀྱིས་དུས་ཆེན་བསུ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པ་དང་བསྟུན་ནས་2025ལོའི་ལྷ་ས་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་དང་ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས(གཤམ་དུ་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཞེས་བསྡུ་རྒྱུ)ལོ་གསར་གྱི་རྣམ་པ་ཟབ་མོ་དང་མི་རིཊ་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་འགོ་ཚུགས་ཉེར་ཡོད་པ་རེད། ཐེངས་འདིའི་བོད་ཀྱི་ལོ་གསར་མཚན་ཚོཊ་ལ་ས་ཁུལ(གྲོང་ཁྱེར)བདུན་གྱི་འཁྲབ་སྟོན་པ་667ཡོད་པ་དེས་སྐབས་རིམ་བྱུང་གི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་འཁྲབ་སྟོན་པའི་མི་གྲངས་མང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད། དེའི་ནང་ཚང་མས་རྒྱུས་མངའ་ཆེ་བའི་གྲགས་ཅན་གྱི་མི་སྣ་རྙིང་པ་ཚུད་ཡོད་པར་མ་ཟད། ད་དུང་མི་རྣམས་ཀྱིས་རེ་སྒུག་བྱེད་པའི་གྲཊ་ཅན་གྱི་མི་སྣ་གསར་པའང་ཚུད་ཡོད་པས་ལྟ་འདོད་ཆེ་བ་དང་ལྷག་བསམ་ཟོལ་མེད་ཀྱིས་ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

གྲགས་ཅན་སྐུ་མགྲོན་གྱི་ངོས་ནས་བརྗོད་ན། འདི་ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོཊ་འདིར་སྐར་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། ལྟད་མོ་བ་ཚོས་དགའ་པོ་བྱེད་པའི་བསྟན་འཛིན་བསམ་གྲུབ་དང་། ནོར་བུ་བསམ་གྲུབ། ཚེ་རིང་ལྷ་སྐྱིད་སོཊ་ཀྱིས་འཁྲབ་སྟོན་བྱ་རྒྱུ་ཡིན་པར་མ་ཟད། ད་དུང་བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པའི་ཀུན་གྱིས་དགའ་པོ་བྱེད་པའི་བུད་མེད་འཁྲབ་སྟོན་པ་དབང་སྒྲོན་མཚོའང་ཡོད། བོད་སྐད་ཀྱི་ཐོག་ནས《མ་མ་སྒོ་ལྕཊ》ཞེས་པའི་གླུ་གཞས་གཏོང་མཁན་གྱི་གཞས་པ་གོང་པ།དེ་སྔོན《རྒྱལ་ཁབ་རོལ་དབྱངས་ཀྱི་མཛད་སྒོ་ཆེན་མོའི》ནང་ཞུགས་མྱོང་བའི་སྒྲ་སྙན་དཀྲོལ་གཏོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསྟན་འཛིན་ཡེ་ཤེས་སོཊ་མཚན་ཚོགས་ལ་གདན་འདྲེན་ཞུས་ནས་ལྟད་མོ་བར་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།

འཁྲབ་སྟོན་པ་དབང་སྒྲོལ་མཚོས་ང་ནི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོཊ་ཀྱི་གར་སྟེཊ་ཐོག་ཡོང་ཐེངས་དང་པོ་ཡིན། ཚང་མར《ཉི་འོད་གྲོང་ཁྱེར》གྱི་བར་བཅུག་རོལ་དབྱངས《དགུང་སྔོན་དབྱིངས་ཀྱི་སྤྲིན་པ》ཞེས་པ་དེ་གྲ་སྒྲིག་བྱས་ཡོད། ངས་ཟློས་གར་ནང་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་གི་བར་སྐོར་དུ་འཚོ་བ་སྐྱེལ་བའི་རྣམ་པ་འཁྲབ་ཡོད་ལ། ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོཊ་ཐོག་ངས《དགུང་སྔོན་དབྱིངས་ཀྱི་སྤྲིན་པ》ཞེས་པ་དེ་གཏོང་རྒྱུ་ཡིན་པས་ངའི་བསམ་པར་དོན་སྙིང་ལྡན་ལ་གཟི་བརྗིད་ལྡན་པ་ཞིག་རེད་ཅེས་བཤད།

གླུ་པ་གོང་པས་གསར་འགོད་པར་ང་སླར་ཡང་ལྷ་སར་ཡོང་རྒྱུ་བྱུང་བར་དགའ་པོ་བྱུང་། ཐེངས་འདིར་ངས་གླུ་གཞས《མ་མ་སྒོ་ལྕགས》ཞེས་པ་གྲ་སྒྲིག་བྱས་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 2025ལོའི་ལྷ་སའི་བོད་ཀྱི་མཚན་ཚོགས་ཐོག 6 6 拉萨日报藏文 c197214.html 1 གྲགས་ཅན་མི་སྣ་མཉམ་འཛོམས་ཀྱིས་དུས་ཆེན་བསུ་བ། /enpproperty-->