ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་དང་བསྟུན་ནས་ཟླ་2ཚེས་24ཉིན་གྱི་ཕྱི་དྲོར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བོད་ཀྱི་ལོ་གསར་བསུ་བའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲེང་ཝུའེ་གོ་ཡིས་2024ལོའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྤེལ་ཚུལ་ཐད་བརྡ་ཁྱབ་བཏང་བ་དང་། ཚོགས་འདུར་ཞུགས་པའི་རྒོན་ཡོལ་ཞུས་པའི་ལས་བྱེད་པ་རྣམས་ཀྱིས་2024ལོའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། འདས་ཟིན་པའི་ལོ་གཅིག་ནང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ། བཀྲ་ཤིས་པའི་ལས་དོན་མང་པོ་བསྒྲུབས་པ། ཁྱད་ཆོས་ལྡན་པའི་ལས་དོན་སོཊ་ལ་གདེང་འཇོག་གང་ལེགས་བྱས་པ་དང་ཆབས་ཅིག་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་ཁག་གཅིག་ཀྱང་བཏོན་པ་རེད།
ཧོ་ཕུང་གིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་རྒན་ཡོལ་ཞུས་པའི་ལས་བཟོ་བར་བོད་ཀྱི་ལོ་གསར་གྱི་བཀྲ་ཤིས་པའི་སྨོན་འདུན་ཞུས་པ་དང་སྦྲགས་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་ལས་བྱེད་པ་རྒན་གྲས་ལ་ཆབ་སྲིད་ཀྱི་བློ་གྲོས་ལྡན་པ་དང་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་རྩ་ཆེའི་རྒྱུ་ནོར་ཡིན་ལ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་གྱི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་ཡིན། འདས་ཟིན་པའི་ལོ་གཅིག་ནང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཐོབ་པའི་གྲུབ་འབྲས་ནི་སྐབས་རིམ་བྱུང་གི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལས་འགན་གཅིག་རྗེས་གཉིས་མཐུད་དུ་བསྒྲུབས་པའི་ཉམས་མྱོང་གསོག་འཇོག་བྱས་པ་ཞིག་ཡིན་ཞིང་། དེ་ནི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ཀྱིས་ཐུགས་ཁུར་དང་། རྒྱབ་སྐྱོར་བཅས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞིང་། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འདུས་པ་དང་། ལས་བྱེད་པ་རྒན་གྲས་རྣམས་ཀྱི་སྙིང་སྟོབས་དང་རྔུལ་ཆུ་ཡང་འདུས་ཡོད། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ལྷན་གྱིས་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社