(པར་ངོས་དང་པོར་མཐུད)དེའི་དམིཊ་ཡུལ་ནི་ལྷ་སའི་མི་དམངས་ཀྱིས་ཁོང་ཚོར་སེམས་ཁུར་ཟབ་མོ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་བརྒྱུད་སྤྲོད་བྱ་རྒྱུ་དེ་རེད།ལེ་ཚན《སང་ཉིན་དེ་བས་ཡག་པ་ཡོང་ངེས་རེད》ཅེས་པའི་རུ་སྣེ་འཁྲིད་མཁན་གྱིས་ང་ཚོའི་འཁྲབ་སྟོན་པ་ཚང་མ་གྲོགས་པོ་ཆུང་ཆུང་ཡིན་པས་ལོ་ན་ཆུང་ཤོས་ནི་ལོ་4ལས་སོན་མེད་པ་དང་།ཆེ་ཤོས་ནི་ལོ་10ཡས་མས་ལས་སོན་མེད།དེར་བརྟེན།སྦྱོང་བརྡར་བྱེད་སྐབས་དངོས་གནས་དཀའ་ངལ་ངེས་ཅན་ཞིག་ཡོད།འོན་ཀྱང་དུས་ཡུན་འདིའི་ནང་སྦྱོང་བརྡར་བྱས་པ་བརྒྱུད།གྲོགས་པོ་ཆུང་ཆུང་རྣམས་ཕན་ཚུན་གཞོགས་འདེགས་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད།ང་ཚོས་འབད་བརྩོན་བྱས་པ་བརྒྱུད་ཆེས་ངོ་མཚར་ཆེ་བའི་འཁྲབ་སྟོན་དེ་ལྟད་མོ་བའི་མིག་ལམ་དུ་བཤམ་རྒྱུའི་རེ་བ་ཡོད་ཅེས་བཤད།
དེ་དང་ཆབས་ཅིག་ལྷ་མོའི་ཟློས་གར《ཆེས་མཛེས་པའི་སྐལ་བཟང་མེ་ཏོག》དང་།མཉམ་གཞས《ལྷ་སའི་གླུ་གཞས》སོགས་ཀྱི་ལེ་ཚན་ཡང་ཛ་དྲག་ངང་ནང་སྦྱོང་བྱེད་བཞིན་ཡོད།འཁྲབ་སྟོན་ནང་ཞུགས་མཁན་ཚང་མས་ཆེད་ལས་ཀྱི་ཆུ་ཚད་ཧ་ཅང་མཐོ་བ་དང་ལས་བཀུར་གྱི་རྣམ་འགྱུར་ཐོག་ནས་སྦྱོང་བརྡར་ནང་ཞུགས་ཏེ་རྣམ་པ་ཡག་ཤོས་ཀྱི་སྒོ་ནས་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་ཞུགས་གང་ཐུབ་བྱེད་ཀྱི་ཡོད།
ང་ཚོ་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་ཞུགས་པ་ཐེངས་དང་པོ་ཡིན་པས།གར་སྟེགས་ཀྱི་མདུན་དང་རྒྱབ་ཀྱི་ལས་དོན་པ་ཚང་མ་ནི་ཆེད་ལས་ཅན་ཞིག་རེད་འདུག ཆས་སྤྲས་སྔོན་སྦྱོང་གི་བརྒྱུད་རིམ་ཁྲོད་ང་ཚོས་ཀྱང་ཕ་ཡུལ་དུ་སྦྱོང་ཐབས་བྲལ་བའི་ཤེས་བྱ་མང་པོ་ཞིག་ཤེས་བྱུང་། དེར་བརྟེན། ངའི་བསམ་པར་ད་ཐེངས་ལྷ་སར་འཁྲབ་སྟོན་བྱེད་པར་ཡོང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་སྙམ། རྗེས་སུ་ང་ཚོ་ད་དུང་རྟག་ཏུ་ལྷ་སར་ཡོང་རྒྱུ་ཡིན་ལ་རྒྱལ་ཡོངས་ས་གནས་ཁག་གི་གྲོགས་པོ་ལྷ་སར་ཕེབས་པར་ཡང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གངས་རིའི་ནང་མ་ཚོགས་པའི་ཁོངས་མི་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་པ་རེད།
2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཐོག་ལྷ་སའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞི་མངོན་པར་མ་ཟད།ལྷ་སའི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དང་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་གཅེས་སྐྱོང་བྱེད་པ་ཡང་བརྒྱུད་སྤྲོད་བྱ་རྒྱུ་རེད།ལྟད་མོ་བ་ཚོས་སླེབས་ཉེར་ཡོད་པའི་རིག་གནས་གསོལ་སྟོན་ཆེན་པོ་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་དང་།དེས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་བརྗེད་པར་དཀའ་བའི་མཐོང་ཚོར་གྱི་ལོངས་སྤྱོད་ཅིག་བརྒྱུད་སྤྲོད་ཐུབ་ངེས་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社