(པར་ངོས་དང་པོར་མཐུད)ལྟེ་གནས་ཀྱི་ནང་དུ་བདེ་ཐང་ཁམས་གསོ་ཁང་དང་ལག་ཤེས་ཁང་སོགས་བྱེད་སྒོ་ཁང་བཙུགས་ཡོད་ཅིང་།ནུས་པ་ཆ་ཚང་དང་ནང་དོན་ཕུན་སུམ་ཚོགས་པས་རྫོང་ཡོངས་ཀྱི་ལོ་ན་མི་འདྲ་བའི་དབང་པོ་སྐྱོན་ཅན་ལ་རིན་མེད་ངང་སྒོ་ཕྱེ་ནས་དབང་པོ་སྐྱོན་ཅན་གྱི་དྲོ་སྐྱིད་ཁྱིམ་གཞིས་དང་རྒྱབ་རྟེན་ཡག་པོ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།
ཆུ་ཤུར་རྫོང་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་ཚེ་བརྟན་བདེ་སྐྱིད་ཀྱིས་བདེ་ཐང་ཁམས་གསོའི་ལྟེ་གནས་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ནས་བཟུང་།ང་ཚོས་ཁྱིམ་ཚང་དུ་བཅར་འདྲི་བྱས་པ་བརྒྱུད།རྫོང་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་གནས་ཚུལ་ལ་མཐིལ་རྟོགས་ཞིབ་ཚགས་བྱས་པར་མ་ཟད།མི་རེ་ལ་ཡིག་ཚགས་རེ་བཟོས་ནས་ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་ལ་བདེ་ཐང་ཁམས་གསོའི་སྨན་བཅོས་བྱེད་པའི་དགོས་ངེས་རང་བཞིན་དྲིལ་བསྒྲགས་བྱས་ཡོད་ཅེས་བཤད།
ཆུ་ཤུར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་གསོ་སྦྱོང་དང་མཛུབ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་དབང་པོ་སྐྱོན་ཅན་རང་ཚུགས་རང་འཕེལ་ཡོང་བར་སྔར་བས་སྐུལ་མ་གཏོང་གི་ཡོད་པ་རེད།
2005ལོར་རྟ་དཀར་གྲོང་རྡལ་གྱི་ཡུལ་མི་སྤེན་པར་རླངས་འཁོར་གྱི་ལས་འཛོལ་ཚབས་ཆེན་འཕྲད་ནས་རྐང་པ་གཡས་པ་སྐྱོན་ཅན་དུ་གྱུར་ཏེ་རྐྱོང་སྐུམ་བྱེད་ཐབས་བྲལ་བ་རེད།འོན་ཀྱང་ཁོ་ལ་ཟངས་ཆས་བཟོ་བའི་ལག་རྩལ་ཕུལ་དུ་བྱུང་བ་ཞིག་ཡོད།དབང་པོ་སྐྱོན་ཅན་གྱི་ལས་གཏོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་སྤེན་པས་རང་བརྟེན་ལས་གཏོད་བྱས་ཏེ་ཟངས་ཆས་ཚོང་ཁང་ཞིག་བཙུགས་པ་རེད།ཁོང་གི་ཐོན་རྫས་ཀྱི་བཟོ་རྩལ་ཞིབ་ཚགས་དང་རིན་གོང་ལུགས་མཐུན་ཡོད་པས།མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ནས་ཚོང་ལས་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད།
སྤེན་པས་ང་ཚོའི་འཚོ་བར་ཏང་གི་ཐུགས་ཁུར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྟེན་གུས་པ་བློ་ཡིད་ཧ་ཅང་ཚིམ་པོ་འདུག མིག་སྔར་ངས་དགེ་ཕྲུག་གཉིས་གསོ་སྐྱོང་བྱས་ཡོད།ཁོང་གཉིས་པོས་རང་སྐྱ་ཐོན་པོའི་སྒོ་ནས་ལས་གཏོད་བྱེད་འགོ་ཚུགས་ཡོད།ངས་ཀྱང་གྲོང་ཚོའི་དབང་པོ་སྐྱོན་ཅན་གཞན་དག་ལ་རོགས་རམ་བྱེད་ཀྱི་ཡོད།འབྱུང་འགྱུར་ངས་མུ་མཐུད་གཉེར་སྐྱོང་ཧུར་ཐག་བྱས་ནས་རང་ཉིད་དང་འདྲ་བའི་དབང་པོ་སྐྱོན་ཅན་དེ་བས་མང་པོར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།
2024ལོར་དབང་པོ་སྐྱོན་ཅན་གྱི་ལག་ཤེས་བཟོ་རྩལ་གྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱ་ཆེད།ཆུ་ཤུར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣ་གྲོང་ཚོ་20ལ་ཕྱིན་ནས་བོད་ཀྱི་ཁ་གདན་བསླས་འཐག་དང་།ཐང་ཁ་འབྲི་བཞེངས།མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སོགས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་རྣམ་གྲངས་ལ་དམིགས་ཏེ་དབང་པོ་སྐྱོན་ཅན་གྱི་ལག་ཤེས་གསོ་སྦྱོང་གི་དགོས་མཁོར་བརྟག་དཔྱད་གནད་འཁེལ་བྱས་ནས་བསམ་འཆར་དང་གྲོས་འགོ་200ལྷག་ཙམ་བསྡུ་རུབ་བྱས་པ་རེད།2025ལོར་དམིགས་སའི་རང་བཞིན་གྱི་སྒོ་ནས་དབང་པོ་སྐྱོན་ཅན་གྱི་རྩལ་ནུས་གསོ་སྦྱོང་བྱེད་པ་དང་དབང་པོ་སྐྱོན་ཅན་ལ་ལུས་པོའི་འགོག་རྐྱེན་ཁྱད་བསད་བྱས་ནས་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་རོགས་བྱ་རྩིས་ཡོད་པ་རེད།
ཆུ་ཤུར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་ཉི་མས་སླད་ཕྱིན་ང་ཚོས་དབང་པོ་སྐྱོན་ཅན་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་ཁམས་གསོའི་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བ་དང་།དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།དབང་པོ་སྐྱོན་ཅན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ།དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱ་རྒྱུ་ཡིན་ལ་ང་ཚོས་ཞན་ཆ་གསབ་པ་དང་།ཉམས་ཞན་ལྷུ་ཚིགས་ལེགས་སུ་གཏོང་བ།སྤུས་ཚད་མཐོ་རུ་གཏོང་བ་བཅས་ཧུར་ཐག་བྱས་ཏེ་ཆུ་ཤུར་རྫོང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社